ཞི་ཅིན་ཕིང་གིས་གཞིས་ཁུལ་ལས་དོན་ལེགས་པོར་སྒྲུབ་པར་ངེས་པར་འགྱུར་མེད་སྲ་བརྟན་གྱི་གཞི་རིམ་ཏང་རྩ་འཛུགས་ལ་བརྟེན་དགོས་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་ཝིན་ཐིན་སྲང་ལམ་གཞིས་ཁུལ་དུ་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་དམངས་ཕན་ཞབས་ཞུ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ངས་ས་གནས་སུ་རྟོག་ཞིབ་བྱེད་སྐབས། ཞིང་སྡེ་དང་གྲོང་ཁྱེར་གྱི་གཞིས་ཁུལ་དུ་སོང་ནས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། གཞིས་ཁུལ་ཞིག་གི་ལས་དོན་ལེགས་པོར་སྒྲུབ་པ་ལ། ངེས་པར་འགྱུར་མེད་སྟོབས་ལྡན་གྱི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་གཞི་རིམ་རྩ་འཛུགས་ལ་བརྟེན་དགོས་པ་དང་། གཞིས་ཁུལ་གྱི་ཕྱོགས་སོ་སོའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་ལས་དོན་རྣམས་རྩ་འཛུགས་ཡག་པོ་བྱེད་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།