2021ལོར་རྒྱལ་ཡོངས་སུ་སློབ་མ་ཁྲི1078མཐོ་རྒྱུགས་ལ་ཞུགས།

MAIN202106070958000149197532686.jpg

ཟླ6པའི་ཚེས7ཉིན། 2021ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མགོ་བརྩམས་ཤིང་། སློབ་མ་ཁྲི1078རྒྱུགས་རར་བསྐྱོད་དེ་མི་ཚེའི་དཀྱོགས་མཚམས་གལ་ཆེན་ཞིག་བསུས། སློབ་གསོ་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོར་རྒྱལ་ཡོངས་སུ་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་མི་གྲངས་ཁྲི1078ཡོད་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་མི་ཁྲི7ཇེ་མང་དུ་སོང་ཡོད་པ་དང་། ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། ད་ལོར། རྒྱལ་ཡོངས་སུ་བསྡོམས་པས་རྒྱུགས་ལེན་ས་ཚིགས7200དང་རྒྱུགས་ར་ཁྲི46.6བཀོད་སྒྲིག་བྱས་ཡོད། མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་ལས་བྱེད་མི་སྣ་ཁྲི140ལྷག་ཡོད་པ་དང་། དེའི་ཁྲོད་རྒྱུགས་སྤྲོད་ལྟ་ཞིབ་མི་སྣ་མི་ཁྲི95ལྷག་ཡོད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།