ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་བརྒྱར་མི་ཁྲི་སྟོང་དྲ་སྟེང་གདན་ཞུ་བྱེད་པའི་བྱ་འགུལ་གྱིས་ལས་རྐང་ཁྲི22འདོན་སྤྲོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ཉིན་བརྒྱར་མི་ཁྲི་སྟོང་དྲ་སྟེང་གདན་ཞུ་བྱེད་པའི་ཆེད་སྤྱོད་བྱ་འགུལ་གྱིས་བདེ་ཐང་ཆེན་མོ་དང་འཚོ་བའི་ཞབས་ཞུ། ལུས་རྩལ་རིག་རྩལ། གཏེར་ལས་བཅས་ལས་རིགས4ཡི་ཆེད་སྤྱོད་གདན་ཞུ་བཏོན་པ་དང་། མི་བཀོལ་ལས་ཁུངས་ཁྲི1.3ཙམ་གྱིས་ལས་རྐང་ཁྲི22འདོན་སྤྲོད་བྱས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། བདེ་ཐང་ཆེན་མོའི་ཆེད་སྤྱོད་གདན་ཞུ་ཡིས་སྐྱེ་དངོས་གསོ་རིག་དང་སྨན་བཅོས་ཡོ་བྱད། བདེ་ཐང་ཐོན་ལས་བཅས་གཙོ་གནད་ཁྱབ་ཁོངས་གསུམ་ལ་དམིགས་ཏེ། ལས་རྐང8000ལ་ཉེ་བ་མཁོ་འདོན་བྱས་ཡོད། འཚོ་བའི་ཞབས་ཞུ་ཆེད་སྤྱོད་གདན་ཞུ་བྱ་འགུལ་གྱིས་ལས་རྐང་ཁྲི19ལྷག་འདོན་སྤྲོད་བྱས་ནས། ཕྲུ་གུ་དམར་འབྱར་གཉོར་སྐྱོང་དང་བཞིན་ལས་མཁན། བདེ་ཐང་བློ་འདྲི་སོགས་ཀྱི་ལས་གནས་ལ་ཁྱབ་ཡོད། ལུས་རྩལ་རིག་རྩལ་ཆེད་སྤྱོད་གདན་ཞུ་བྱ་འགུལ་གྱིས་ས་གནས་སོ་སོའི་ལུས་རྩལ་རིག་རྩལ་ཁེ་ལས་ཀྱི་གདན་ཞུ་ཆ་འཕྲིན་གཅིག་བསྡུ་ཁྱབ་བསྒྲགས་བྱས་ཏེ། ལས་རྐང་ཁྲི1.6འདོན་སྤྲོད་བྱས་ལ། ལུས་སྦྱོང་བློ་འདྲི་དང་ཕྱིར་འཚོང་འཐུས་ཚབ། དྲས་སྒྲིག་མཁན། པར་ལེན་མཁན་སོགས་ཀྱི་ལས་གནས་ལ་ཁྱབ་ཡོད། གཏེར་ལས་ཆེད་སྤྱོད་གདན་ཞུ་བྱ་འགུལ་གྱིས་ས་གནས་སོ་སོའི་གཏེར་ལས་ཁེ་ལས་ཀྱི་གདན་ཞུ་ཆ་འཕྲིན་གཅིག་བསྡུས་བྱས་ཏེ། ལས་རྐང6100འདོན་སྤྲོད་བྱས་ཡོད།

དྲ་སྟེང་གདན་ཞུ་ཆེད་སྤྱོད་བྱ་འགུལ་དེ་ཉིན་བརྒྱ་རིང་སྤེལ་རྒྱུ་ཡིན་པ་དང་། ཟླ6པའི་ཚེས5ཉིན་ནས་ཚེས12ཉིན་བར་བསྟུད་མར་ཧྥུའུ་ཅན་དང་ཅང་ཞི། ཧྲན་ཏུང་། ཧེ་ལུང་ཅང་ཀྱི་ཁྱད་ལྡན་ཆེད་སྤྱོད་གདན་ཞུ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།