ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་མཚོ་སྔོན་གྱི་འགྲུལ་བཞུད། “ཁྱེད”ཡོད་པས་བདེ་སྐྱིད་ལྡན—ཟི་ལིང་གྲོང་ཁྱེར་ཝུན་ཐེན་ལམ་སྡེ་ཁུལ་དུ་བསྐྱོད་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོས་བདེ་སྐྱིད་གླེང་སྐབས། ཅི་ཞིག་གླེང་སྲིད་དམ། དེ་ནི་སློབ་གྲྭ་ལེགས་ཤོས་ལ་རྒྱུགས་འཕྲོད་སོང་བའམ་ཡང་ན་གཉེན་སྒྲིག་ནས་བུ་ཕྲུག་བཙའ་བ། སྡོད་ཁང་གསར་བར་སྤར་བ་སོགས་ཡིན་ནམ། ཡང་ན་ཁྱིམ་མཚེས་བར་ཕན་ཚུན་འགྲིག་མཐུན་དང་རྒན་པར་སྲི་ཞུ་ཆེ་བ། བྱིས་པ་ཚུལ་བཞིན་སྐྱོང་བ་སོགས་ཡིན་ནམ། ཉེ་འཁོར་གྱི་དོན་དག་འདི་རྣམས་དང་འབྲེལ་བ་ཡོད་པའི་གནས་དེ་ནི་སྡེ་ཁུལ་རེད།

1.jpg

ཟི་ལིང་གྲོང་ཁྱེར་ཝུན་ཐེན་ལམ་སྡེ་ཁུལ།

2021ལོའི་ཟླ6པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་ལྦུན་ཐིན་སྲང་ལམ་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱི་ཏང་འཛུགས་བྱ་བ་དང་གཞི་རིམ་བཅོས་སྐྱོང་འཐུས་ཚང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།

2.jpg

ཟི་ལིང་གྲོང་ཁྱེར་ལྦུན་ཐིན་སྲང་ལམ་སྡེ་ཁུལ་ན་ད་ལྟ་ལས་བཟོ་བ16ཡོད་ཅིང་། བདག་གཉེར་ས་ཁོངས་ཀྱི་སྡོད་ཁུལ13དུ་ཡོད་པའི་ནང་གི་རིགས་སོ་སོའི་མང་ཚོགས22769ལ་ཞབས་ཞུ་བྱེད་ཀྱིན་ཡོད།

3.jpg

ཟི་ལིང་གྲོང་ཁྱེར་དུ་སྡེ་ཁུལ176ཡོད་པ་ཚང་མས་ཏང་འཛུགས་ཀྱིས་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱིས“ཆུ་ཚོད་བཞི་དང་ཕྱེད་ཀ”ཞེས་པ་སྤེལ་ནས་སློབ་མ་རྣམས་སློབ་གྲྭ་གྲོལ་རྗེས་ཀྱི་བདག་སྐྱོང་གི་གནད་དོན་ཐག་གཅོད་བྱས། དེ་མིན་རང་སྡེ་ཁུལ་དུ་རྒན་གསོ་བྱེད་པའི་རྣམ་པས་རྒན་པ་རྣམས་གོམས་ལོབས་སུ་ཡོད་པའི་ཁོར་ཡུག་ཏུ་ཚེ་མཇུག་སྐྱོང་བར་ཞབས་ཞུ་བྱེད་ཀྱི་ཡོད།

4.jpg

སྡེ་ཁུལ་གྱིས་སྒྲུབ་པ་ནི་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི“གནད་འགག་གི་དོན་ཆུང”ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁྲལ་གནང་བཞིན་པའི“རྒྱལ་ཁབ་ཀྱི་དོན་ཆེན”ཡང་ཡིན།

5.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།