ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32218ལ་སླེབས་པ་དང་འཕར་ཚད0.74%ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས7ཉིན།  རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།  2021ལོའི་ཟླ5བའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32218ཟིན་པ་དང་།  དེ་ཟླ4བའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར236འཕར་བ་དང་འཕར་ཚད0.74%ཟིན། 

2021ལོའི་ཟླ5བར་ཕྱི་དངུལ་ཁྲོམ་རའི་འཁོར་རྒྱུག་རྒྱུན་མཐུད་ངང་བརྟན་བརླིང་ཡིན་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་ཉོ་ཚོང་སྤྱིའི་ཆ་ནས་ཚུལ་མཐུན་རང་བཞིན་དང་རྒྱུན་མཐུན་རང་བཞིན་གྱི་ཁྱད་ཆོས་མངོན་ཡོད།  རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ།  གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།   དུས་མཚུངས་སུ་ཨ་སྒོར་མིན་པའི་མ་དངུལ་སྤྱིའི་ཆ་ནས་སྟོབས་ཆེར་ཕྱིན་པ་དང་རྒྱལ་ཁབ་གཙོ་བོའི་དངུལ་རྩའི་མ་རྩའི་རིན་གོང་འཕར་ཡོད་ཟེར།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།