ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས7ཉིན་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་པ་རེད། ཉིན་དེའི་ཕྱི་དྲོར། ཁོང་ཟི་ལིང་གྲོང་ཁྱེར་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སིར་ཕེབས་པ་དང་། ཁེ་ལས་ཀྱིས་ས་གནས་དེ་གའི་མ་བཅོས་རྒྱུ་ཆའི་ལེགས་ཆ་དང་གསར་གཏོད་ཇུས་འགོད་ཀྱི་འདུ་ཤེས་ལ་བརྟེན་ནས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། དེའི་རྗེས་སུ། ཞི་ཅིན་ཕིང་ཝུན་ཧའེ་སྲང་ལམ་ཝུན་ཐེན་གཞིས་ཁུལ་དུ་ཕེབས་ནས་གཞིས་ཁུལ་གྱི་གཞི་རིམ་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་གཞི་རིམ་གྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།   །

1127539683_16230692575181n.jpg

1127539683_16230692665481n.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།