ཀྲུང་གོ་བོད་ཀྱི་དྲ་བ།

རེས་སྐོར་བཞི་བའི་མཐོ་སློབ་མཐར་ཕྱིན་སློབ་མའི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་ནོར་སྲིད་པུའུ། ཆུ་བེད་པུའུ། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་མཉམ་དུ་བརྡ་ཐོ་བཏང་སྟེ། 202ལོ་ནས2025ལོའི་བར་གྱི་རེས་སྐོར་བཞི་བའི་མཐོ་སློབ་མཐར་ཕྱིན་སློབ་མའི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་ལག་བསྟར་བྱེད་མགོ་རྩོམ་རྒྱུ་དང་། ལོ་རེར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི3.2ཡས་མས་མངགས་ཏེ་གཞི་རིམ་དུ་ཞབས་ཕྱི་སྒྲུབ་པར་ཐག་བཅད།

བརྡ་སྦྱོར་ལས་བསྟན་དོན། རེས་སྐོར་བཞི་བའི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དགོས་མཁོ་ཡི་གཞི་རིམ་འཇོན་མི་སྐྱེད་སྲིང་བྱེད་པ་རྩ་བར་བཟུང་ནས། མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་བྱ་བ་སྒྲུབ་པ་དང་ལས་སྐྲུན་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བར་འཇོན་མི་དང་ཤེས་རིག་གི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། བརྡ་སྦྱོར་ལས་གསལ་བོར་བསྟན་དོན། བསྡུ་ལེན་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གྲོང་གསེབ་དར་སྤེལ་གྱི་མྱུར་མཁོའི་ལས་གནས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཞབས་ཕྱི་ལས་གནས་ཀྱི་གསར་སྤེལ་ནུས་ཤུགས་ཇེ་ཆེར་བཏང་སྟེ། བསྡུ་ལེན་འཆར་གཞི་དེ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་དང་། དབུལ་ཐར་ས་ཁུལ། དཀའ་སྡུག་མཐའ་མཚམས་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་ཁ་ཕྱོགས་དགོས། སྐྱེད་སྲིང་གསོ་སྦྱོང་བྱ་བར་ཤུགས་སྣོན་དགོས། ནུས་ཤུགས་མཐོར་འདེགས་ཆེད་དམིགས་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་མི་སྣ་རེའི་ལོ་རེར་གསོ་སྦྱོང་ལ་ཞུགས་པའི་ཉིན་གྲངས་ཉིན5ལས་མི་ཉུང་བར་ཁག་ཐེག་བྱེད་དགོས། ལས་གནས་སྦྱོར་བརྡར་ལ་ཤུགས་བསྣན་ཏེ། དཔྱད་ཞིབ་དོ་དམ་གཟབ་ནན་དུ་གཏོང་དགོས། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་དང་གཞི་རིམ་ན་གཞོན་ལས་བྱེད་པའི་དཔུང་ཁག་དང་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བར་ཕུན་ཚུན་འབྲེལ་མཐུད་གང་ལེགས་བྱེད་དགོས། ཞབས་ཕྱི་འགན་སྲུང་འཐུང་ཚང་དུ་བཏང་ནས། བྱ་བ་དང་འཚོ་བའི་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཐོབ་ཆ་དོན་འཁྱོལ་བྱས་ཏེ། ཉིན་རྒྱུན་གྱི་ཞབས་ཕྱི་ལེགས་པོར་སྒྲུབ་དགོས། ཞབས་ཕྱི་དུས་ཡུན་ལོན་པའི་འཁོར་རྒྱུགས་ལ་སྐུལ་འདེད་བཏང་སྟེ། གཞུང་ཞབས་པའི་གནས་ཁེལ་རྒྱུགས་ལེན་དང་ལས་དོན་ལས་ཁུངས་ཀྱི་ཆེད་དམིགས་བསྡུ་ལེན་བྱེད་ཤུགས་ཆེ་ཏུ་བཏང་ནས། སློབ་སྦྱོང་ཟབ་སྦྱོང་ལ་རྒྱབ་སྐྱོར་དང་། ཞབས་ཕྱི་དུས་ཡུན་ལོན་པའི་མི་སྣར་ཐབས་ལམ་མང་པོ་བརྒྱུད་དེ་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

2006ལོ་ནས་བཟུང་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་ལག་བསྟར་བྱས་པའི་རིང་ལ། བསྡོམས་པས་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་ཁྲི43.1ལྷག་མངགས་ཏེ་གཞི་རིམ་དུ་ཞབས་ཕྱི་བསྒྲུབས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐྱོར་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་འཇོན་མིའི་དཔུང་ཁག་གི་སྒྲིག་གཞི་ལག་བསྟར་བྱེད་པར་ཕན་འབྲས་ངེས་ཅན་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།