“དཔལ་ཡོན་འདི་རུ་ཡོད”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་སྒྲོག་སྤེལ་པེ་ཅིང་ནས་མགོ་བརྩམས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་ཚེས6ཉིན་པེ་ཅིང་ནས“དཔལ་ཡོན་འདི་རུ་ཡོད”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་སྒྲོག་སྤེལ་གྱི་མགོ་རྩོམ་མཛད་སྒོ་བསྡུས།

“དཔལ་ཡོན་འདི་རུ་ཡོད”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་སྒྲོག་སྤེལ་བྱ་འགུལ་གྱིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི“ལོ་བརྒྱའི་འབད་བརྩོན་ལམ་བུ་དང་། རྒྱང་སྐྱོད་གསར་བའི་མགོ་རྩོམ་པའི”བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་བརྗོད་གཞི་འདིར་དམ་པོར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་དང་གསལ་འགྲེལ་བྱས་ནས། ཏང་གི་གསར་སྐྲུན་གཞུང་ལུགས་དེ་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་པར་བྱེད་རྒྱུ་རེད།

སྒྲོག་སྤེལ་གྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་དངོས་ལ་དམ་པོར་གཞིགས་ནས། ཤུགས་ཆེན་པོས་མང་ཚོགས་ཉེ་འགྲམ་གྱི་དཔེ་སྟོན་ནུས་པ་དར་སྤེལ་བཏང་སྟེ། གཅིག་བསྡུས་སྒོས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་དྲིལ་སྒྲོག་བྱེད་རྒྱུ་རེད། ཐེངས་འདིའི་སྒྲོག་སྤེལ་དེ་ཀྲུང་གོ་དཔལ་ཡོན་དྲ་བས་རྩ་འཛུགས་ལག་བསྟར་བྱས་ཤིང་། དྲ་སྟེང་གི་ཉིན་ཐོ་དང་སྐུ་མགྲོན་བཅར་འདྲི། བརྙན་གཟུགས། པར་རིས་སོགས་ཀྱི་རྣམ་པས་མི་དམངས་མང་ཚོགས་ལ་ཐད་ཀར་དཔལ་ཡོན་འདི་རུ་ཡོད་པ་དང་དཔལ་ཡོན་ཉེ་འགྲམ་ན་ཡོད་པར་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་དེ་ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་རྗེས་བར་དུ་སྤེལ་རྒྱུ་ཡིན་པ་དང་། ཐོག་མའི་ས་ཚིགས་དེ་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་དང་ཡན་ཆིན་ཆུས་ཡིན་ལ། དེའི་རྗེས་སུ་ཧྥུའུ་ཅན་དང་ཅང་ཞི། ཀོས་ཀྲོའུ་སོགས་ཞིང་ཆེན10རུ་བཅར་འདྲི་སྒྲོག་སྤེལ་བྱེད་རྒྱུ་རེད། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།