ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར2.2ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་ཐེངས་གསུམ་པའི་ཀྲུང་གོ་དབུས་ཤར་མནའ་འབྲེལ་རྒྱལ་ཁབ་ནགས་ལས་མཉམ་ལས་མཐོ་རིམ་གྲོས་ཚོགས་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2020ལོར། རང་རྒྱལ་གྱིས་བསྡོམས་པས་མིས་བཟོས་ནགས་ཚལ་དང་ནགས་ཚལ་ཉམས་གསོ་སྤྱི་ཆིང་ཁྲི677ལེགས་འགྲུབ་བྱས། མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར2.2ལ་སླེབས་པ་དང་། ནགས་ཚལ་ཀྱི་ཁེབས་ཚད23.04%ལ་སླེབས་ནས། ནགས་ཚལ་ཀྱི་གསོག་ཉར་བྱེད་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར175.6ལ་སླེབས། 

རྒྱུས་ལོན་པ་ལྟར་ན། ཀྲུང་གོ—ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ནགས་ལས་མཉམ་ལས་མཐུན་སྦྱོར་ལམ་ལུགས་དེ2016ལོའི་ཟླ5བར་སྤེལ་མགོ་བརྩམས་པ་དང་། སྲིད་ཇུས་གླེང་མོལ་དང་ཚན་ཞིབ་སློབ་གསོ། ནགས་ཚལ་ཐོན་རྫས་ཉོ་ཚོང་དང་ནགས་ལས་དངུལ་གཏོང་སོགས་ཁྱབ་ཁོངས་ནས་མཉམ་ལས་ལེགས་པོ་སྤེལ། 2016ལོ་ནས2019ལོའི་བར་དུ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ནགས་ལས་ཐོན་རྫས་ཉོ་ཚོང་གི་སྤྱི་འབོར་དེ་ཨ་སྒོར་དུང་ཕྱུར13.7ནས་ཨ་སྒོར་དུང་ཕྱུར24བར་འཕར་སྣོན་བྱུང་སྟེ། ལོ་རེའི་ཆ་སྙོམས་ཀྱིས20.5%འཕར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།