ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོས་མཐོ་རིམ་སློབ་གྲྭའི་རྒྱུགས་སྤྲོད་བྱ་བའི་ཐད་གནས་པའི་གནད་དོན་ལ་ཐེར་འདོན་བྱེད་པའི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སློབ་གསོ་པུའུ་ཡིས་གཅིག་གྱུར་སྒོས་སློབ་གསོ་པུའུ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན31(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་སྡེ་ཁག་ལ2021ལོའི་མཐོ་རིམ་སློབ་གྲྭའི་རྒྱུགས་སྤྲོད་བྱ་བའི་ཐད་གནས་པའི་གནད་དོན་ལ་ཐེར་འདོན་བྱེད་པའི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཤིང་། རྒྱ་ཆེ་བའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་དུས་ཐོག་ཏུ2021ལོའི་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་བྱ་བའི་ཁྲོད་གནས་པའི་ཁུངས་སྣེ་ཐེར་འདོན་ཞུ་གཏུག་བྱེད་པར་དང་ལེན་བྱེད་བཞིན་ཡོད་ལ། སློབ་གསོ་པུའུ་དང་ཞིང་ཆེན་སོ་སོས(རང་སྐྱོང་ལྗོངས་དང་གྲོང་ཁྱེར)འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐེར་འདོན་ཞུ་གཏུག་བྱས་པའི་ཁུངས་སྣེ་རྣམས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ་མཐོ་རིམ་སློབ་གྲྭའི་རྒྱུགས་སྤྲོད་བྱ་བ་དྲང་བདེན་དྲང་བཞག་ཡོང་བར་འགན་སྲུང་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།