ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་དུང་ཕྱུར7ལ་བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་དུང་ཕྱུར7ལ་བརྒྱབ་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས3ཉིན་བརྡ་ཁྱབ་སྤེལ་ཏེ། 2021ལོའི་ཟླ6པའི་ཚེས2ཉིན་བར་དུ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)30དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་ཁྲི70482.6ལ་བརྒྱབ་ཡོད། དུས་མཚུངས་སུ་ཚེས2ཉིན་ཉིན་གཅིག་གི་འགོག་སྨན་རྒྱག་ཐེངས་ཀྱིས་ཟིན་ཐོ་གསར་བ་བསྐྲུན་ནས། མི་ཐེངས་ཁྲི2291.8ལ་སླེབས་ཡོད།

མི་ཐེངས་དུང་ཕྱུར6ནས་མི་ཐེངས་དུང་ཕྱུར7བར་དུ་འཕེལ་བར་ཉིན5ལས་མ་འགོར་ལ། འདི་ནི་འགོག་སྨན་རྒྱག་པའི་ཀྲུང་གོའི་མྱུར་ཚད་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།