ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ་རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣ་དུང་ཕྱུར7.5ལ་སླེབས་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཚེས3ཉིན་སྤྱི་བསྒྲགས་སྤེལ་ཏེ2020ལོའི་ལོ་ཧྲིལ་བོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་སྤེལ་བ་དང་། 2020ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣ་ཁྲི75064ལ་སླེབས་པ་དང་། དེའི་ནང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི46271ལ་སླེབས་ཡོད། རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད། ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ། ཐོན་ལས་གསུམ་པའི་ལས་ཞུགས་མི་སྣ་ཡིས་སོ་སོར23.6%དང28.7%། 47.7%ཟིན་ཡོད།

ལོ་ཧྲིལ་བོར་མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་ཁྲི1186ཡོད་པ་དང་། མཁར་གྲོང་གི་ལས་ཤོར་མི་སྣ་ཁྲི511གིས་ཡང་བསྐྱར་ལས་ཞུགས་མངོན་འགྱུར་བྱས་ལ། ལས་ཞུགས་དཀའ་ངལ་མི་སྣ་ཁྲི167ཡིས་ལས་ཞུགས་བྱས་ཡོད། ལོ་ཧྲིལ་བོར་རྒྱལ་ཡོངས་སུ་ལས་ཞུགས་མེད་པའི་ཁྱིམ་ཚང་ཁྲི4.9ཡིས་མ་མཐའ་ཡང་ཁྱིམ་ཚང་གཅིག་ལ་མི་གཅིག་གིས་ལས་ཞུགས་བྱེད་པ་མངོན་འགྱུར་བྱས། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཁྲི3.9གཞི་རིམ་དུ་བསྐྱོད་དེ་རོགས་འདེགས་གསུམ་དང་སྐྱོར་བ་གཅིག་གི་ཞབས་ཞུ་ལ་ཞུགས། 2020ལོའི་དུས་ཚིགས་བཞི་བར། ལས་རྐང་དང་ལས་ཞུགས་འདོད་མཁན་གྱི་བསྡུར་ཚད་ནི་ཕལ་ཆེར1.52ཡིན་པས། རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཚོང་རའི་མཁོ་སྤྲོད་གྱི་སྤྱི་ཁོག་ཕལ་ཆེར་དོ་མཉམ་ཡིན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།