ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ནིང་ཟླ11པར། ངས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་གཉེར་བའི་གྲོས་མགོ་བཏོན་པར་ཁོངས་མིའི་རྒྱལ་ཁབ་སོ་སོའི་སྤྲོ་སེམས་འཁོལ་བའི་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་ཐོབ། གླེང་སྟེགས་དེ་ཕྱོགས་སོ་སོས་ཤེས་རྟོགས་གཏིང་ཟབ་ཏུ་འགྲོ་བ་དང་། མཛའ་མཐུན་གཏིང་ཟབ་ཏུ་འགྲོ་བ། མཉམ་ལས་ལ་ཤུགས་བསྣོན་པ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་སོ་སོས“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཏེ་དཀའ་སྡུག་མཉམ་སེལ་དང་རོགས་རེས་རོགས་འདེགས། མཉམ་ལས་གཏིང་ཟབ་བཅས་བྱ་རྒྱུའི་རེ་བ་ཡོད། དམངས་ཁྲོད་ཀྱི་ཕྱི་འབྲེལ་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བསམ་བློའི་འབྲེལ་འདྲིས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། 

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམངས་ཁྲོད་མཛའ་མཐུན་གླེང་སྟེགས་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་དང་། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཉིན་དེར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་མགོ་ཚུགས་ཤིང་། དེའི་བརྗོད་བྱ་གཙོ་བོ་ནི“དམངས་ཁྲོད་ཀྱི་མཛའ་མཐུན་ལ་སྐུལ་འདེད་བཏང་ནས‘ཧྲང་ཧའེ་ཡི་སྙིང་སྟོབས’རྒྱུན་འཛིན་བྱེད་དགོས”ཞེས་པ་དེ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།