ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་ཚོང་རའི་གཙོ་གཞིའི་གསོན་ཤུགས་གསོ་སྐྱོང་དང་ཇེ་ཆེར་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་ཚོང་རའི་གཙོ་གཞིའི་གསོན་ཤུགས་གསོ་སྐྱོང་དང་ཇེ་ཆེར་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ལིས་ཁི་ཆང་གིས་བསྟན་དོན། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེས་གཙོ་བོ་ཚོང་རའི་གཙོ་གཞི་གསོ་སྐྱོང་བྱེད་པ་དང་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཚོང་རའི་གཙོ་གཞི་དེ་ལས་ཞུགས་ལ་རོགས་འདེགས་བྱེད་པའི་སྲོག་ཤིང་ནུས་པ་དང་རྒྱུ་ནོར་གསར་སྐྲུན་བྱེད་པའི་མགོ་ཁོངས་སུ་འགྱུར་བར་བྱེད་དགོས། གཞི་གཅིག་ལ་བརྟེན་ནས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་དགོས། སྲིད་བསྡུ་བྱེད་ཐབས་ལག་བསྟར་བྱེད་པ་དང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཁེ་ལས་ཟབ་ཞུགས་དང་ཕྱིར་འབུད་སྟབས་བདེ་ཡིན་པར་བྱེད་དགོས། ཚོང་རའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་སྟེ་རིགས་སོ་སོའི་ཚོང་རའི་གཙོ་གཞི་ལ་ཕྱོགས་རིས་མེད་པར་བྱེད་པ་དང་། སྒེར་སྡོམ་དང་ལུགས་མཐུན་མིན་པའི་འགྲན་རྩོད་ལ་ངོ་རྒོལ་བྱས་ནས། ཚོང་རའི་གཙོ་གཞི་དང་ལྷག་པར་དུ་ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་དང་འཕེལ་རྒྱས་བར་སྟོང་སྲུང་སྐྱོབ་བྱེད་དགོས། སྲིད་དོན་ཞབས་ཞུ་ལེགས་སྒྱུར་བྱེད་པ་དང་ལམ་ལུགས་དང་ལག་རྩལ་ལ་བརྟེན་ནས་ཚོང་རའི་གཙོ་གཞིས་སྒྲིག་སྲོལ་ལྟར་དོན་དག་བསྒྲུབ་པ་རྒྱུན་རྣམ་དུ་འགྱུར་བར་བྱེད་དགོས། ཚོང་གཉེར་ཁོར་ཡུག་ཁྲིམས་སྲོལ་ཆ་ཚང་དུ་བཏང་ནས་འདྲ་མཉམ་དང་དཔལ་ཡོན་ཁྲིམས་སྐྱོང་ཚད་ལྡན་དུ་གཏོང་དགོས། སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་ཅན་གྱི་སྒོ་འབྱེད་ཐད་ནས་གོམ་པ་སྔར་ལས་ཆེན་པོ་སྤོ་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག བཅོས་སྒྱུར་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་བརྩོན་སེམས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས། ཚོང་རའི་གཙོ་གཞི་དང་མང་ཚོགས་ཀྱིས་དོན་དངོས་བསྒྲུབ་སྐབས་ཀྱི་དཀའ་གནད་ཐག་གཅོད་དགོས་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝེ་ཧྥིན་ཧི། ཝང་ཡུང་། ཞོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།