ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཁྲོམ་རའི་གཙོ་གཞི་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏང་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྐྱེད་སྲིང་དང་སྐུལ་སྤེལ་ཤུགས་ཆེན་གཏང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཁྲོམ་རའི་གཙོ་གཞི་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་དགོས་ཞེས་བསྟན། ཧན་ཀྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་སྐྱེད་སྲིང་དང་སྐུལ་སྤེལ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་། 

 པར་འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་བའི་ཚུལ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཧུའུ་ཁྲུན་ཧྭ། ལིའུ་ཧོ་བཅས་དང་། རྒྱལ་སྲིད་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ཝང་ཡུང་། ཞའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས། 

ལི་ཁེ་ཆང་གིས་བཤད་རྒྱུར། ན་ནིང་ཕྱོགས་མང་པོའི་རྡུང་རྡེག་ལ་གདོང་གཏོད་དུས། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཤིང་། ཁྲོམ་རའི་གཙོ་གཞིའི་དགོས་མཁོར་ཁ་ཕྱོགས་ནས་སྤྱི་ཁོག་སྲིད་ཇུས་གསར་གཏོད་ལག་བསྟར་བྱས་ཏེ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་བཅོས་བསྒྱུར་ལེགས་གཏོང་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་གསོན་ཤུགས་འཕེལ་བར་མཉམ་དུ་སྐུལ་འདེད་བཏང་ནས་ལས་ཞུགས་དང་དཔལ་འབྱོར་གྱི་གཞི་རྩ་སྲ་བརྟན་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ད་ལོར་རང་རྒྱལ་གྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་ལྷིང་ངང་སླར་གསོ་འགྲོ་བའི་རྣམ་པ་རྒྱུན་མཐུད་བྱུང་ཡོད། མིག་སྔར། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། མུ་མཐུད་དུ་ཚོང་རའི་གཙོ་གཞིའི་དོ་ཁུར་ལ་དམིགས་ནས་ནོར་སྲིད་དང་དངུལ་རྩ། ལས་ཞུགས་སོགས་ཀྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་དགོས་ལ། སྤྱི་ཁོག་དང་བྱེ་བྲག་ཟུང་འབྲེལ་དམ་པོ་བྱས་ནས། “གློད་སྡོམ་ཞབས་གསུམ”སོགས་གཙོ་གནད་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ནས། ཚོང་རའི་གཙོ་གཞིས་སྔར་ལས་ལྷག་པར་ཟུངས་ཤུགས་སླར་གསོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བར་རོགས་སྐྱོར་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱས་ཏེ་སླད་ཕྱིན་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། 

ལི་ཁེ་ཆང་གིས་བསྟན་དོན། ཁྲོམ་རའི་གཙོ་གཞི་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གལ་ཆེན་ཡིན། “གློད་སྡོམ་ཞབས་གསུམ”གྱི་བཅོས་བསྒྱུར་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་དགོས་མཁོ་དང་འཚམ་ཞིང་། མི་དམངས་མང་ཚོགས་ཀྱི་ལས་ཞུགས་དང་ལས་སྐྲུན་གྱི་དགོས་མཁོ་དང་མཐུན་ལ། ཚོང་རའི་གྲུབ་ཆ་གཙོ་བོ་གསོ་སྐྱོང་དང་། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་ལ་སྐུལ་སློང་བྱེད་པར་དམིགས་པ་ཞིག་ཡིན། ཁྲོམ་རའི་གཙོ་གཞི་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་ནི་ལས་ཞུགས་ལ་འདེགས་སྐྱོར་བྱེད་པའི“ཀ་བ”དང་རྒྱུ་ནོར་བསྐྲུན་པའི་འབྱུང་ཁུངས་སུ་གྱུར་ཡོད། ཁྲོམ་རའི་གཙོ་གཞིའི་དཀའ་གནད་དང་ཁག་གནད་དེ་མུ་མཐུད་དུ་ཤུགས་རྒྱག་སར་བརྩིས་ནས“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་སྟེ་ཁྲོམ་རའི་གཙོ་གཞིར་དབང་ཆ་དང་ནུས་པ་སྤྲོད་པ་དང་། ཚུལ་མིན་གྱི་ཐེ་ཇུས་ཇེ་ཉུང་དུ་གཏོང་བ། དྲང་གཞག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། འདྲ་མཉམ་གྱི་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་ལས་གཏོད་འབད་འཐབ་བྱེད་ཕོད་པ་དང་ཁྲོམ་རའི་གཙོ་གཞིས་གསར་གཏོད་འཕེལ་རྒྱས་བྱེད་ཕོད་པར་བྱ་དགོས། 

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ནི་སྲིད་གཞུང་གི་རང་ངོས་གསར་བརྗེ་ཞིག་ཡིན་པས། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྒྱུར་བཅོས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་ལ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ་ཁྲོམ་རའི་གཙོ་གཞི་དང་མི་དམངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་དངོས་སེལ་ནས་ཁོ་ཚོའི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་གཏང་དགོས། 

ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། ཧོ་ནན་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་འཁུར་བ་གཙོ་བོས་གཏམ་བཤད་གནང་།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།