ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་འབྲིང་ཆུང་གི་ལས་བྱ་དང་ངལ་གསོ་སོགས་དོ་དམ་སྣ་ལྔའི་བྱ་བའི་ལྟ་སྐུལ་ཞིབ་བཤེར་བྱ་བ་དངོས་སུ་མགོ་བརྩམས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས“དོ་དམ་སྣ་ལྔ”(ལག་ཁྱེར་ཁ་པར་དང་།ངལ་གསོ།ཀློག་དེབ།ལས་བྱ།ལུས་ཕུང་དོ་དམ།)ཡི་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་བྱ་བ་དངོས་སུ་མགོ་བརྩམས། ཁྲུང་ཆིན་དང་ནང་སོག་དེ་ཐེངས་འདིའི་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་གྱི་ས་ཚིགས་དང་པོ་ཡིན་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་མགོ་བརྩམས།

ད་ལོའི་ཟླ1པོའི་རིང་ལ། སློབ་གསོ་པུའུ་ཡིས་བསྟུད་མར་ཡིག་ཆ་བཏོན་ནས། སློབ་གྲྭ་འབྲིང་ཆུང་གི་ལག་ཁྱེར་ཁ་པར་དང་ངལ་གསོ། ཀློག་དེབ། ལས་བྱ། ལུས་ཕུང་དོ་དམ་བཅས་ཀྱི་ཐད་བཀོད་སྒྲིག་བྱས། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྡ་སྦྱོར་སྤེལ་ནས། རྒྱལ་ཡོངས་ཁྱབ་ཁོངས་སུ་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་རྩ་འཛུགས་བྱེད་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་དུས་ཚོད་ནི་ཟླ5བའི་ཟླ་སྨད་ནས་ཟླ6པའི་ཟླ་སྨད་བར་ཡིན་པ་དང་། དེ་རྒྱལ་ཡོངས་ཀྱི་ཞིང་ཆེན31(ཁུལ་དང་གྲོང་ཁྱེར།)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ་ཁེབས་ཡོད། ལྟ་སྐུལ་ཞིབ་བཤེར་གྱི་དམིགས་གཏད་ལ་རིགས་མི་འདྲ་བའི་སློབ་གྲྭ་འབྲིང་ཆུང(གྲོང་ཁྱེར་དང་ཞིང་སྡེའི་སློབ་གྲྭ། གཞུང་སྒྲུབ་དང་དམངས་སྒྲུབ་སློབ་གྲྭ)དང་། སློབ་ཕྱིའི་གསོ་སྦྱོང་སྡེ་ཁག ཁྱིམ་ཚང་དང་གཞིས་ཁུལ་བཅས་འདུ་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།