ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཧྥིན་ཡུན་ཨང་བཞི་བའི་སྲུང་སྐར02པ་འཕེན་གཏོང་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས3ཉིན་གྱི་དུས་ཚོད0དང་སྐར་མ17སྟེང་རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ཧྥིན་ཡུན་ཨང་བཞི་བའི་སྲུང་སྐར02པ་སྔོན་བཀོད་འཁོར་ལམ་དུ་བསྐྱལ་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས3ཉིན་གྱི་དུས་ཚོད0དང་སྐར་མ17སྟེང་རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ཧྥིན་ཡུན་ཨང་བཞི་བའི་སྲུང་སྐར02པ་སྔོན་བཀོད་འཁོར་ལམ་དུ་བསྐྱལ་དེ་འཕེན་གཏོང་ལེགས་གྲུབ་བྱུང་། 

ཧྥིན་ཡུན་ཨང་བཞི་བའི་སྲུང་སྐར02པ་ནི་རང་རྒྱལ་གྱི་རབས་གསར་བའི་གོ་ལའི་བརྟན་འཇགས་འཁོར་ལམ་ནས་གནམ་གཤིས་ཚད་ལེན་བྱེད་པའི་འཁོར་སྐར་ཁྲོད་ཀྱི་ལས་གཉེར་འཁོར་སྐར་ཐོག་མ་ཡིན་ལ། གཙོ་བོར་གནམ་གཤིས་དབྱེ་ཞིབ་དང་སྔོན་བརྡ། ཁོར་ཡུག་དང་གནོད་འཚེ་ཚད་ལེན་བཅས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུ་རེད།  

ཧྥིན་ཡུན་ཨང་བཞི་བའི་སྲུང་སྐར02པ་དང་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་གཉིས་ནི་ཀྲུང་གོ་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཧྲང་ཧེ་མཁའ་སྐྱོད་ལག་རྩལ་ཞིབ་འཇུག་གླིང་དང་ཀྲུང་གོ་མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་ཞིབ་འཇུག་གླིང་གཉིས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་ཤིང་། ཀྲུང་གོ་གནམ་གཤིས་ཅུའུ་ཡིས་ས་སྟེང་ནས་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་བེད་སྤྱོད་བྱ་རྒྱུའི་འགན་འཁུར་བ་རེད། 

ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་བྱེད་ཐེངས372པ་རེད། །


པར་འདི་དག་ནི་ཟླ6པའི་ཚེས3ཉིན་གྱི་དུས་ཚོད0དང་སྐར་མ17སྟེང་རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། ཧྥིན་ཡུན་ཨང་བཞི་བའི་སྲུང་སྐར02པ་སྔོན་བཀོད་འཁོར་ལམ་དུ་བསྐྱལ་བཞིན་པའི་རྣམ་པ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།