ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་རྩ་འཛུགས་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་རྩ་འཛུགས་བྱ་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》དུ་འབོད)དཔར་འགྲེམ་བྱས་པ་མ་ཟད། བརྡ་སྦྱོར་སྤེལ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏན་ཏིག་གིས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས་བསྟན་དོན། ཏང་གི་སྟོབས་ཤུགས་དེ་རྩ་འཛུགས་ནས་བྱུང་བ་དང་། རྩ་འཛུགས་དམ་པོ་ནི་ཏང་གི་གཟི་བརྗིད་ཀྱི་སྲོལ་རྒྱུན་དང་ཐུན་མིན་གྱི་དགེ་མཚན་ཡིན། 《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་དོན་འཁྱོལ་བྱས་ནས། ཏང་གི་རྩ་འཛུག་བྱ་བ་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་བརྩི་སྲུང་ཡིན།《སྲོལ་ཡིག》གི་གཏན་འབེབ་དང་ལག་བསྟར་བྱེད་པ་དེས། ཏང་གིས་རྩ་འཛུགས་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་བསྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་བྱ་བ་ཚན་རིག་ཅན་གྱི་སྒྲིག་སྲོལ་ཅན་དང་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་བྱེད་པ། ཁྱོན་ཡོངས་ནས་རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། 

བརྡ་སྦྱོར་ལས་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས《སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དྲིལ་སྒྲོག་དང་ཀློག་འགྲེལ། ལྟ་སྐུལ་དང་ཞིབ་བཤེར་དམ་འཛིན་བྱས་ནས། རྩ་འཛུགས་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣོན་བྱས་ཏེ། ཏང་ཀྲུང་དབྱང་གིས་རྩ་འཛུགས་བྱ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་བསམ་འཆར་ལག་བསྟར་བྱེད་པར་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།