ཀྲུང་གོ་བོད་ཀྱི་དྲ་བ།

གཟི་བརྗིད་མཚན་རྟགས་འདི་ཐོག་དང་པོར་སྤྲད་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20210602161011.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དེ་རིང་། ཅང་ཞི་ཞིང་ཆེན་ཡུའུ་ཏུའུ་རྫོང་དང་ཀོང་ཏུང་ཞིང་ཆེན་ཁྲའོ་ཀྲོའུ་གྲོང་ཁྱེར་ཞང་ཆའོ་ཁུལ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་མདའ་ཤོག་ཨང་བཞི་ཅུ་ཞེ་བདུན་པ། ཧྲན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་བུན་ཨན་དབྱི་གྲོང་བརྡལ། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཁུལ་ཧོང་ཆའོ་སྲང་ལམ། པེ་ཅིང་སློབ་ཆེན། ཨན་ཀང་ཚོགས་པ། ཡུན་ནན་ཞིང་ཆེན་དམག་ཁུལ་ཁུང་མིན་ལས་ཁྱུར་ལས་བྱེད་པའི་ཁམས་གསོ་ཁང་སོགས་ས་ཆ་མང་པོ་དང་ལས་ཁུངས་མང་པོས་གཟབ་རྒྱས་ངང་མཛད་སྒོ་བསྡུས་པ་དང་། མིག་སྔར་འཚོ་བཞུགས་གནང་ཡོད་པའི2021ལོའི་ཟླ7པའི་ཚེས1ཉིན་ཡན་ལ་ཏང་ནང་ཞུགས་ནས་ལོ50འགོར་ཡོད་པ་དང་། དུས་རྒྱུན་སྤྱོད་ཚུལ་ལེགས་པའི་ཏང་ཡོན་ལ“ཏང་ནང་ཞུགས་ནས་ལོ50ལོན་པའི་གཟི་བརྗིད”མཚན་རྟགས་སྤྲད་པ་རེད། 

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་བློ་མཐུན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐོག་དང་པོར་གཟི་བརྗིས་མཚན་རྟགས་འདི་སྤྲད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མཚན་རྟགས་སྤྲོད་པའི་བྱ་བ་ཟླ7པའི་ཚེས1ཉིན་པར་སྤེལ་རྒྱུ་ཡིན་ལ། རྒྱལ་ཡོངས་ཀྱི་ཏང་ཡོན་རྒན་པ་ཁྲི710ལྷག་ལ་མཚན་རྟགས་འདི་སྤྲོད་རྒྱུ་རེད། ཐོག་དང་པོར་སྤྲད་པ་རྗེས། རྒྱུན་ལྡན་ཅན་གྱི་ལས་དོན་ཞིག་ལ་རྩིས་ནས། ལོ་རེའི་ཟླ7པའི་ཚེས1ཉིན་ཡར་མར་དུ་གཅིག་སྡུད་ཀྱིས་མཚན་རྟགས་འདི་སྤྲོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།