ཧོང་ཁུན་མིན་ཀྲུང་གོའི་ཉིན་རེའི་ཚགས་པར་སྒྲུབ་ནས་ལོ་འཁོར40ལོན་པའི་རྟེན་འབྲེལ་ཚོགས་འདུ་སྟེང་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན། ཀྲུང་གོའི་ཉིན་རེའི་ཚགས་པར་སྤེལ་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཉིན་རེའི་ཚགས་པར་སྤེལ་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་ཤིས་ཚིག་གི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བ་དང་། འཛམ་གླིང་བར་བརྗེ་རེས་ཀྱི་འགན་འཁྲི་ཡིས་ཕྱི་ཕྱོགས་གླེང་མོལ་གྱི་མ་ལག་གསར་གཏོད་བྱས་ཏེ། རྒྱལ་སྤྱིའི་དྲིལ་སྒྲོག་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། ཀྲུང་གོའི་གཞུང་ལུགས་དྲིལ་སྒྲོག་འོས་སྦྱོར་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བརྗོད་ནས། དོན་དངོས་དང་ལངས་གཟུགས། ཁྱོན་ཡོངས་ཀྱི་ཀྲུང་གོ་འགྲེམ་སྟོན་ལེགས་པོ་བྱེད་དགོས་ཞེས་བསྟན།

ཧོང་ཁུན་མིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིས་ཚིག་ཁྲོད་ཀྲུང་གོའི་ཉིན་རེའི་ཚགས་པར་གྱིས་ལོ་ངོ40རིང་བཏོན་པའི་བྱེད་ནུས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཀྲུང་གོའི་ཉིན་རེའི་ཚགས་པར་གྱིས་མགོ་རྩོམ་ས་གསར་བ་ནས་ལས་འགན་ཕྲག་ཏུ་ལེན་པ་དང་བྱས་རྗེས་གསར་བ་འཇོག་པར་རེ་སྒུག་བྱས་ཡོད་ལ། དེས་ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་བྱ་བའི་ཐད་ལ་མཐོང་ཆེན་བྱེད་པ་མཚོན་པ་དང་། ཀྲུང་གོའི་ཉིན་རེའི་ཚགས་པར་ལ་བརྩེ་སེམས་གང་ལེགས་བཅིངས་བ་མཚོན་ལ། ང་ཚོས་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་དང་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།