ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སུམ་ཅུ་པའི་སྟེང་ནས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོ་རང་རྒྱལ་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཐུན་མོང་སློབ་སྦྱོང་ཐེངས་སུམ་ཅུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་དེ་ནན་གྱིས་བསྟན་དོན། ཀྲུང་གོའི་གཏམ་རྒྱུད་ལེགས་པོར་འཆད་རྒྱུ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་སྒྲོག་གང་ལེགས་བྱེད་པ། དོན་དངོས་དང་ལང་གཟུགས། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་སྟོན་ཅི་ཐུབ་བྱེད་རྒྱུ་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འོས་འགན་གལ་ཆེན་ཡིན། གནས་བས་གསར་པའི་འོག་ཏུ་རྒྱལ་སྤྱིའི་བརྒྱུད་སྒྲོག་བྱ་བའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་སྟོབས་ཤུགས་སྣོན་དགོས་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་ཕྱོགས་བསྡུས་ནུས་པ་དང་རྒྱལ་སྤྱིའི་གོ་གནས་དང་ཆ་འགྲིག་ཡིན་པའི་རྒྱལ་སྤྱིའི་སྐད་ཆ་བཤད་དབང་གྲུབ་པར་འབད་དེ། རང་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཁོར་ཡུག་ལ་ཕན་པའི་ཕྱི་ཕྱོགས་ཀྱི་གླེང་ཕྱོགས་ཁོར་ཡུག་བཟང་བོ་བསྐྲུན་པ་དང་མི་རིགས་ཀྱི་ཐུན་མོང་ལས་སྐལ་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གང་ལེགས་འཇོག་དགོས་ཟེར།

ཧྥུའུ་ཏན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀྲང་ཝེ་ཝེ་ཡིས་གནད་དོན་དེའི་ཐད་སྒྲོག་འགྲེལ་ཞིབ་མོ་བྱས་ནས་དེ་འབྲེལ་གྱི་བྱ་བར་བསམ་འཆར་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ཁོའི་བསམ་འཆར་ལ་གཟབ་ཉན་བྱས་པར་མ་ཟད་དེའི་སྐོར་ནས་གྲོས་སྡུར་བྱས།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་ནས་བསྟན་དོན། ང་ཚོ་ཏང་གིས་གནའ་ནས་བཟུང་ཕྱི་ཕྱོགས་བརྒྱུད་སྒྲོག་བྱ་བར་མཐོང་ཆེན་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཤུགས་ཆེན་པོས་རྒྱལ་སྤྱིའི་བརྒྱུད་སྒྲོག་ལས་དོན་གྱི་བདེན་སྲུང་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཕྱི་ནང་གི་དྲིལ་སྒྲོག་ལམ་ལུགས་ལུགས་མཐུན་སྤེལ་ཏེ། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེ་བའི་སྨྱན་བྱད་ཚོགས་པ་བསྐྲུན་པ་དང་། འབད་བརྩོན་ཆེན་པོས་ཀྲུང་ཧྭ་རིག་གནས་ཕྱི་རུ་ཁྱབ་པར་སྐུལ་སྤེལ་ནུས་ལྡན་བཏང་། དེ་མིན་ད་དུང་ཕན་འབྲས་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་སྣེ་འདོམས་དང་གླེང་ཕྱོགས་འཐབ་རྩོད་སྤེལ་ཏེ། གྲུབ་ཆ་གཙོ་བོ་མང་ཞིང་ལང་གཟུགས་རྣམ་པའི་ཕྱི་ཕྱོགས་ཁྱབ་སྒྲོག་གི་ཆགས་སྟངས་ཐོག་མ་གྲུབ་པར་བྱས་ནས། རང་རྒྱལ་གྱི་རྒྱལ་སྤྱིའི་སྟེང་གི་སྐད་ཆ་བཤད་པའི་དབང་ཆ་དང་ཤུགས་རྐྱེན་ནུས་པ་མངོན་སུམ་ཇེ་མཐོར་ཕྱིན་པའི་དུས་མཚུངས་སུ། གནས་བབ་དང་འོས་འགན་གསར་པ་ལའང་གདོང་གཏོད་དགོས། ངེས་པར་དུ་ཇུས་འགོད་རྩེ་རིམ་དང་ཞིབ་འཇུག་བཀོད་སྒྲིག་ལ་ཤུགས་བསྣན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་བརྒྱུད་སྒྲོག་མ་ལག་འཐབ་ཇུས་གསར་ཤོས་འཛུགས་སྒྲུབ་བྱེད་རྒྱུ་དང་། ཤུགས་ཆེན་པོས་རྒྱལ་སྤྱིའི་བརྒྱུད་སྒྲོག་ཤུགས་རྐྱེན་དང་ཀྲུང་ཧྭ་རིག་གནས་ཀྱི་འགུགས་ཤུགས། ཀྲུང་གོའི་སྣང་བརྙན་གྱི་མཛའ་མཉེས་ནུས་པ། ཀྲུང་གོའི་སྐད་ཆའི་བཤད་སྟོབས། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་སྣེ་འདོམས་ནུས་པ་བཅས་མངོན་སུམ་ཇེ་མཐོར་གཏོང་བ་ལ་ཤུགས་སྣོན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།