ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཟླ6པའི་ཚེས2ཉིན་གྱི་ཀོང་ཏུང་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན་གྱི་ཆུ་ཚོད0ནས24བར་དུ། ཀོང་ཏུང་ཞིང་ཆེན་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་རང་སའི་ནད་པ10ཇེ་མང་དུ་སོང་ཞིང་། ཀོང་ཀྲོའུ་རུ་ནད་པ7ཡོད་པ་དང་།  ཧྥོ་ཧྲན་དུ་ནད་པ3ཡོད་ལ་ནད་རྟགས་མེད་པའི་ནད་པ་ནས་ནད་གཞི་གཏན་འཁེལ་ཅན་དུ་བསྒྱུར། ནད་རྟགས་མེད་པའི་རང་སའི་ནད་པ7གྱི་ཁྲོད་ཀོང་ཀྲོའུ་རུ5དང་ཧྲིན་ཀྲིན་རུ2ཡོད།

ཞིང་ཆེན་ཡོངས་སུ་གསར་དུ་འགོས་པའི་ཕྱི་ནས་མཆེད་པའི་ནད་པ3ནི་ཀོང་ཀྲོའུ་རུ2ཡོད་ལ། སོ་སོར་ཁམ་ཕུའུ་ཁྲེ་དང་ལི་པུས་ལི་ཡ་ནས་ཡོང་བ་རེད། ཧྥོ་ཧྲན་དུ་ཕྱི་ནས་མཆེད་པའི་ནད་པ1དང་དེ་ནི་ཧྥེ་ལི་པིན་ནས་ཡོང་བ་རེད། ཕྱི་ནས་མཆེད་པའི་ནད་རྟགས་མེད་པའི་ནད་པ2ཀྱི་ཁྲོད་ཧྲིན་ཀྲིན་དུ1དང་ཧིན་རྡུ་ནས་ཡོང་བ་རེད། ཅང་མིན་དུ1དང་ཨ་ལེན་ཆིའུ་ནས་ཡོང་བ་རེད། གསར་དུ་སྨན་ཁང་ནས་བུད་པ3ཡོད།

ཟླ6པའི་ཚེས1ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ2481(ཕྱི་ནས་མཆེད་པའི་ནད་པ1038)ཡོད། མིག་སྔར་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ85ཡོད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།