ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་རི་ཡའི་ཙུང་ཐུང་གི་འགན་བསྟུད་མར་འཁུར་མཁན་པ་ཧྲའར་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ5པའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པ་ཧྲའར·ཨ་ས་ཏེ་ལ་གློག་འཕྲིན་བཏང་ནས་ཁོང་ཨ་རབ་སི་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བསྟུད་མར་བདམས་པར་བཀྲ་ཤིས་རྟེན་འབྲེལ་ཞུས།  

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་སི་རི་ཡ་ལ་སྲོལ་རྒྱུན་མཛའ་མཐུན་གྱི་འབྲེལ་བ་ཡོད་པ་དང་། སི་རི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨ་རབ་རྒྱལ་ཁབ་ཅིག་ཡིན།  ངས་ཀྲུང་གོ་དང་སི་རི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་པ་ཧྲའར་དང་མཉམ་དུ་འབད་བརྩོན་བྱས་ནས། ད་ལོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་སི་རི་ཡའི་འབྲེལ་བར་འབྲས་བུ་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོས་སི་རི་ཡའི་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། སི་རི་ཡའི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་ནུས་པ་ཅི་ལྕོགས་ཀྱི་རོགས་རམ་བྱས་ནས་ཀྲུང་གོ་དང་སི་རི་ཡའི་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།