ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་རིམ་རྩིས་རིམས་འགོག་སྨན་ཁབ་དུང་ཕྱུར3མཁོ་འདོན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥེང་གིས་ཚེས31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། ཟླ5པའི་ཚེས30ཉིན་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐེངས་ཁྲི63917.2བརྒྱབ། མགྱོགས་མྱུར་དང་གཞི་ཁྱོན་ཆེན་པོས་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་གཏོང་ཆེད་ཟླ5པ་ནས་བཟུང་ཆ་སྙོམས་ཀྱིས་ཉིན་རེར་འགོག་སྨན་ཐེངས་ཁྲི1247བརྒྱབ་པ་དེ་ཟླ4བའི་ལྡབ2.58ཡིན་པ་དང་འགོག་སྨན་རྒྱག་ཚད་མཐོ་ཤོས་ཉིན་རེར་ཁྲི2000ལས་བརྒལ་ཡོད་ནའང་ད་དུང་མུ་མཐུད་དུ་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་བཏང་ནས་རིམས་འགོག་གི་ལྕགས་རི་བསྐྲུན་ཅི་ཐུབ་བྱ་དགོས། ཀྲུང་གོས་རིམས་འགོག་སྨན་ཁབ་དེ་སྤྱི་པའི་ཐོན་རྫས་ཤིག་ཏུ་བརྩི་རྒྱུའི་ཁས་ལེན་བྱས་ཤིང་དེས་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་རིམས་འགོག་སྨན་ཁབ་ཐེངས་དུང་ཕྱུར3མཁོ་འདོན་བྱས་ཡོད་སྟབས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་རིམས་འགོག་སྨན་ཁབ་ཀྱི་གོ་ཆོད་རང་བཞིན་དང་འགན་འཁུར་རང་བཞིན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག །


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།