《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས11པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ《ལོ་རྒྱུས་བཞི་ལ་སློབ་སྦྱོང་ཡག་པོ་བྱས་ནས་ཐོག་མའི་བསམ་འདུན་ནམ་ཡང་རྒྱུན་འཁྱོངས་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས།》ཞེས་པ་བཀོད་ཡོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལའང་སློབ་སྦྱོང་བྱས་ཏེ། བསམ་བློ་དང་ལག་ལེན། གོ་རྟོགས་བཅས་ཀྱི་ཁྲོད་དུ་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་བྱ་དགོས་པ་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ།  ཐོག་མའི་བསམ་འདུན་གཅིག་རྒྱུད་གཅིག་འཛིན་ཐུབ་པ་བྱེད་དགོས་པ་དང་། འགན་འཁྲི་ནམ་ཡང་ཕྲག་ཏུ་འཁུར་དགོས་ལ།  ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་གནས་ལུགས་གསལ་བ་དང་། ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ཡིད་ཆེས་ཡོད་པ། ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ཀུན་སྤྱོད་གོང་དུ་བཀུར་བ། ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ལག་བསྟར་ཐུབ་པ་བཅས་བྱེད་དགོས་པ་དང་། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། བསམ་བློའི་གོ་རྟོགས་བསྐྱེད་པ། དོན་དངོས་སྒྲུབ་པ། ལས་དོན་གསར་པ་སྤེལ་བ་བཅས་བྱེད་ཐུབ་པར་བྱ་དགོས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་འབད་བརྩོན་དང་མདུན་དུ་བསྐྱོད་དགོས་ཞེས་བསྟན།

རྩོམ་ཡིག་ནང་བསྟན་དོན། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏོང་བ་བརྒྱུད།  རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཅི་ཕྱིར“སྒྲུབ་ཐུབ་པ”དང་། མར་ཁེ་སི་རིང་ལུགས་ཅི་ཕྱིར“སྤེལ་ཐུབ་པ”། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅི་ཕྱིར“ཡག་པོ”ཡིན་པ་སོགས་ཀྱི་གཞི་རྩའི་གནས་ལུགས་གསལ་པོར་ཤེས་པ་བྱས་ཏེ།  བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་འཆང་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ཁྲོད་དངོས་བརྩོན་སྐྱེས་འབུལ་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་སོ་སོའི་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་མི་རིགས་སོ་སོའི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅིངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།

རྩོམ་ཡིག་ནང་བསྟན་དོན། ན་གཞོན་ལོ་ཆུང་གི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་ལ་དགའ་བ་དང་། རྒྱལ་ཁབ་ལ་གཅེས་པ། སྤྱི་ཚོགས་རིང་ལུགས་དགའ་ཞེན་བཅས་ཀྱི་བརྩེ་སེམས་གཏིང་ཟབ་ཏུ་བཏང་ནས་གསར་བརྗེའི་ས་བོན་དང་གསར་བརྗེའི་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།