ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཞིན་ཨན་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་ལ་སྤྲིངས་པའི་འཕྲིན་ལན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཞིན་ཨན་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་ལ་སྤྲིངས་པའི་འཕྲིན་ལན། 

ཧོའེ་ཨན་གྲོང་ཁྱེར་ཞིན་ཨན་སློབ་ཆུང་གི་རུ་འབྲིང་ལྔ་པའི་འཛིན་གྲྭ(8)ཡི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམ་པ། 

ཁྱོད་ཚོ་བདེ་མོ། ཁྱེད་ཚོའི་འཕྲིན་ཡིག་འབྱོར་བས་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོའི་སློབ་གྲྭ་ནི“ཞིན་ཨན་ཡུལ་སྐོར་ཚོགས་པ”ཡི་མ་ཡུམ་སློབ་གྲྭ་ཡིན་པར། ཁྱེད་ཚོས་འཕྲིན་ཡིག་ནང་སློབ་གྲྭའི་གསར་བརྗེའི་ལོ་རྒྱུས་དེ་གཟི་བརྗིད་དུ་བསམ་པ་མཚོན་ཡོད་ལ། ཁྱེད་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཀྱང་བཤད་ཡོད། 

ལོ་དེར། ཏང་གི་ཐུགས་ཁུར་དང་མགོ་ཁྲིད་འོག “ཞིན་ཨན་ཡུལ་སྐོར་ཚོགས་པ”དཀའ་ངལ་ལ་མི་སྐྲག་པར་ཀྲུང་གོའི་ཕྱེད་ཙམ་རྐང་པས་འཇལ་ཞིང་། རིག་རྩལ་མཚོན་ཆར་བྱས་ནས་མང་ཚོགས་ཀྱི་རི་འགོག་རྒྱལ་སྐྱོབ་ལ་འབོད་སྐུལ་བཏང་སྟེ་ཏང་གི་དགོངས་དོན་དྲིལ་བསྒྲགས་བྱས་ནས་རྒྱལ་གཅེས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད། རེ་བ་ནི་ཁྱེད་ཚོས་རང་ཉིད་འཚར་ལོངས་ཀྱི་དོན་དངོས་དང་སྦྲེལ་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ། དཔའ་བོ་དང་དཔེ་བཟང་མི་སྣ་མིག་དཔེར་བཟུང་ཞིང་། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་པོ་བཅངས་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ། ཕུགས་བསམ་བཙུགས་ནས་ཀུན་སྤྱོད་ལེགས་པོ་ཆགས་པ་དང་འཇོན་ཐང་ཆེ་རུ་བཏེགས་ནས་ཀུན་སྤྱོད་མཛེས་པ་དང་བློ་རིག་ལེགས་པ། ལུས་རྩལ་ལྡན་པ། མཛེས་དཔྱོད་ཡག་པ། ངལ་རྩོལ་ལ་དགའ་བ་སོགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས། 

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་པས། ངས་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུ། ། 

ཞི་ཅིན་ཕིང། 

2021ལོའི་ཟླ5པའི་ཚེས30ཉིན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།