ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་ཡིད་འཇོག་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་སྟེང་། དོན་དངོས་ལས་རང་རྒྱལ་གྱི་རང་བདག་གསར་སྐྲུན་ལས་དོན་ལ་མདུན་ལམ་ཆེན་པོ་ཡོད་པ་དང་རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་བདེན་དཔང་བྱས་ཡོད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོའི་ཡིད་འཇོག་ཆེན་པོ་ཐོབ། ཚང་མས་སྤོབས་པ་ཆེན་པོས་གསར་སྐྲུན་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་ནི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་དགོས་ངེས་རེ་བ་ཡིན་ལ། རྨང་གཞིར་ཞིབ་འཇུག་བྱེད་སྐབས་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་པ་དང་མ་རྩོམ་འབུར་དུ་ཐོན་པར་བྱེད་དགོས། ཚན་རྩལ་འགག་གནད་སྒྲོལ་སྐབས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཧ་ཅང་བྲེལ་མྱུར་ཆེ་ཞིང་ཧ་ཅང་དགོས་གལ་ཆེ་བའི་གནད་དོན་ལ་དམིགས་པ་དང་། རྒྱལ་ཁབ་ཀྱི་མྱུར་མཁོའི་དགོས་མཁོ་དང་ཡུན་རིང་གི་དགོས་མཁོ་གཞིར་འཛིན་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་དགོས་པ་དང་། མདོར་བསྡུས་ན་ཆུ་ཚད་མཐོ་བའི་གསར་སྐྲུན་འཇོན་མི་ལ་བརྟེན་དགོས། གསར་སྐྲུན་རང་བཞིན་གྱི་འཇོན་མི་གསོ་སྐྱོང་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསར་སྐྲུན་འཇོན་མིར་ཧ་ཅང་མཐོང་ཆེན་བྱས་པ་དེས་རྒྱ་ཆེའི་མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་སྔར་ལས་མདུན་དུ་བསྐྱོད་པར་སྐུལ་ལྕག་ཆེན་པོ་བྱས།

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནི་རྒྱལ་ཡོངས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་ཉིན་མོ་ཐེངས་ལྔ་བ་ཡིན། ཚན་ཞིབ་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བཤད་དོན། བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་མགོ་ཚུགས་ས་གསར་བ་ནས་ལངས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་དུས་རབས་འབོད་སྐད་ཉམས་སུ་མྱངས་པ་དང་དུས་རབས་ཀྱིས་གནང་བའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།