ཀྲུང་གོ་བོད་ཀྱི་དྲ་བ།

ཐ་མ་ཁའི་ཉེས་དམིགས་འདི་དག་ཁྱེད་ཀྱིས་ཤེས་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཐ་མ་ཁའི་ཉེས་དམིགས་འདི་དག་ཁྱེད་ཀྱིས་ཤེས་དགོས། རང་རྒྱལ་གྱི50%གློ་བའི་འབྲས་སྐྲན་ཐ་མག་འཐེན་པ་ལས་བསྐྱེད་པ་ཡིན། ཐ་མག་གི་དུ་བའི་ནང་དུ་ཆེས་ཉུང་ནའང་སྐྲན་སློང་དངོས་པོ་རིགས69འདུས་བ་དང་། ཐ་མག་འཐེན་པ་ཅི་ཙམ་མང་བ་དང་འཐེན་པའི་དུས་ཚོད་ཅི་ཙམ་རིང་ན་གློ་བའི་འབྲས་སྐྲན་སློང་བའི་ཉེན་ཁ་དེ་ཙམ་གྱིས་ཆེ། “འཚིག་སྣུམ་འདུས་ཚད་ཉུང་བའི་ཐ་མག”འཐེན་ནའང་གློ་བའི་འབྲས་སྐྲན་སློང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་མི་ཐུབ། ཐ་མག་གི་དུ་བ་རྔུབ་པ་ལས་གློ་བའི་འབྲས་སྐྲན་སློང་བའི་ཚད་ནི་དུ་བ་མ་རྔུབ་པ་ལས་ལྡབ6གིས་མཐོ་བ་དང་ཐ་མག་གི་དུ་བའི་ཁྲོད་དུ་ཅུང་ཙམ་ལ་བསྡད་ནའང་མི་ལུས་བདེ་ཐང་ལ་གནོད་པ་ཐེབས་སྲིད། དེ་རིང་ནི་འཛམ་གླིང་གི་ཐ་མག་གཅོད་པའི་ཉིན་མོ་ཡིན་པ་དང་། ཐ་མ་ཁའི་ཉེས་དམིགས་ལ་ངོས་ཟིན་ཡང་དག་པ་བྱས་ནས་མྱུར་དུ་ཐ་མག་འཐེན་མཚམས་འཇོག་པ་དང་ཐ་མག་འཐེན་པའི་ཁོར་ཡུག་ཏུ་མི་འདུག་པར་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།