ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་དུ་བ་འཐེན་མཁན་དུང་ཕྱུར3ལས་བརྒལ་ཞིང་ལོ་རེར་མི་ཁྲི་བརྒྱ་ལྷག་དུ་བ་འཐེན་པ་ལས་ཤི་བཞིན་ཡོད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

གསར་དུ་པར་སྐྲུན་བྱས་པའི《ཧྲང་ཧའེ་གྲོང་ཁྱེར་གྱི་སྤྱི་བའི་ཚོགས་རའི་དུ་བ་འགོག་པའི་སྲོལ་ཡིག》ལག་བསྟར་བྱེད་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་དེ་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགྲེམ་སྟོན་སྟེགས་བུ་ཆེན་མོ་ནས་སྤེལ་བ།

2.jpg

  ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆིན་ཧྲན་ཧུའུ་གཞིས་ཁུལ་སྡོད་དམངས་ཀྱིས་དུ་བ་འགོག་པའི་འཆད་ཁྲིད་སྟེང་དུ་བའི་ཉེས་དམིགས་དང་དུ་བ་འགོག་པའི་ཚན་རིག་གི་བྱེད་ཐབས་ལ་རྒྱུས་ལོན་བྱེད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་དུ་པར་སྐྲུན་བྱས་པའི《ཧྲང་ཧའེ་གྲོང་ཁྱེར་གྱི་སྤྱི་བའི་ཚོགས་རའི་དུ་བ་འགོག་པའི་སྲོལ་ཡིག》ལག་བསྟར་བྱེད་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་དེ་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགྲེམ་སྟོན་སྟེགས་བུ་ཆེན་མོ་ནས་སྤེལ་བ་རེད།

ཟླ5པའི་ཚེས31ཉིན་ནི་འཛམ་གླིང་དུ་བ་འགོག་པའི་ཉིན་མོ་ཐེངས34པ་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐུན་མོང་ཐོག་དུ་བ་འགོག་པའི་དམ་བཅའ་དེ་ད་ལྟ་ཉིད་ནས་ལག་ཏུ་བསྟར་དགོས་ཞེས་པའི་འབོད་སྐུལ་བཏང་། ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་དུ་བ་འཐེན་མཁན་དུང་ཕྱུར3ལས་བརྒལ་བ་དང་། ལོ་རེར་མི་ཁྲི100ལྷག་དུ་བ་འཐེན་ནས་ཤི་བཞིན་ཡོད་པས། དུ་བ་འགོག་པའི་གནས་བབ་ནི་ཧ་ཅང་ཛ་དྲག་ཡིན།

ཏང་སྲིེད་ལས་ཁུངས་ནི་དཔེ་སྟོན་གྱི་ཚོགས་པ་ཡིན་པས། 2022ལོའི་ལོ་མཇུག་ཏུ་ཕྱོགས་ཡོངས་ནས་དུ་བ་འགོག་པའི་ལས་འགན་ལེགས་འགྲུབ་བྱེད་པའི་འགག་གཏོར་གྱི་ལྡོག་རྩིས་དུས་ཚོད་དུ་སླེབས་ཡོད། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་སྟོན་བྱེད་དགོས་ལ་དེ་ནི་ཁ་ཕྱོགས་ཤིག་ཀྱང་ཡིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། རྗེས་ཕྱོགས་སུ་རྒྱལ་ཁབ་ཀྱིས་གཙོ་གནད་ཚོགས་ར་དང་གཙོ་གནད་མི་ཚོགས་ལ་ཁ་ཕྱོགས་ཏེ། མི་དར་མའི་དུ་བ་འཐེན་མཁན་མང་བ་དང་། གློག་རྡུལ་དུ་བའི་ཚད་གཞི་དང་དེའི་ཞིབ་བཤེར་དོ་དམ་སོགས་ཀྱི་ཚ་གནད་ལ་གཞིགས་ནས། བློ་བརྟན་འགྱུར་མེད་ཀྱིས་དུ་བ་འགོག་པའི་བྱ་བར་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་ངང་དུ་བ་འཐེན་མཁན་མེད་པའི་འཕྲོད་བསྟེན་ལས་ཁུངས་དང་སློབ་གྲྭ། ཁྱིམ་ཚང་བཅས་ཀྱི་འཛུགས་སྐྲུན་ལག་ཏུ་བསྟར་རྒྱུ་རེད། །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།