ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་ཀྲོའུ་ཡི་མཐོ་གསུམ་ཞག་སྡོད་སློབ་མ་ཉལ་ཁང་ནས་བཀག་སྡོམ་བྱས་ཏེ་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་དགོས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀོང་ཀྲོའུ་ཡི་མཐོ་གཅིག་དང་མཐོ་གཉིས་སློབ་མས་དྲ་ཐོག་བརྒྱུད་ནས་སློབ་ཁྲིད་ལ་ཉན་པ་དང་། མཐོ་གསུམ་ཞག་སྡོད་སློབ་མ་ཉལ་ཁང་ནས་བཀག་སྡོམ་བྱས་ཏེ་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་དགོས་པ་རེད། 

ཀོང་ཀྲོའུ་གྲོང་ཁྱེར་སློབ་གསོ་ཅུའུ་ནས་གནས་ཚུལ་སྤེལ་བར། ཟླ5བའི་ཚེས31ཉིན་ནས་ཟླ6བའི་ཚེས11ཉིན་བར། ཀོང་ཀྲོའུ་གྲོང་ཁྱེར་གྱི་མཐོ་གཅིག་དང་མཐོ་གཉིས་སློབ་མས་ཁྱིམ་དུ་བསྡད་དེ་དྲ་ཐོག་བརྒྱུད་དེ་སློབ་ཁྲིད་ལ་ཉན་དགོས་པ་དང་། མཐོ་གསུམ་གྱི་ཞག་སྡོད་སློབ་མ་ཉལ་ཁང་ནས་བཀག་སྡོམ་གྱིས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེས་དགོས་པ་རེད། 

ཟླ5བའི་ཙེས31ཉིན་ནས་མཐོ་རྒྱུགས་བླངས་ཚར་བའི་བར་དུ། ཞག་སྡོད་ཆ་རྐྱེན་ལྡན་པ་དང་བཀག་སྡོམ་གྱིས་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་ཐུབ་པའི་སློབ་གྲྭས་མཐོ་གསུམ་གྱི་ཞག་སྡོད་སློབ་མ་དང་དགེ་རྒན། དེ་མིན་སློབ་གྲྭའི་ལས་བཟོ་བ་དག་སློབ་གྲྭ་ནས་བཀག་སྡོམ་གྱིས་མཐོ་གསུམ་གྱི་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་དགོས། ཞག་སྡོད་མིན་པའི་སློབ་མས་རང་འཐད་ཀྱིས་སློབ་གྲྭ་ནས་བཀག་སྡོམ་གྱིས་ཞག་སྡོད་བྱས་ནས་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་པ་དང་རང་ཁྱིམ་ནས་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་པ་གཉིས་ལས་གང་རུང་གཅིག་བདམས་ཆོག་པ་དང་། ཞག་སྡོད་མིན་པའི་སློབ་མས་སློབ་གྲྭ་ནས་བཀག་སྡོམ་གྱིས་ཞག་སྡོད་བྱས་ནས་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་པར་སྐུལ་སློང་བྱ་རྒྱུ་རེད། །


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།