ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་ཀྲོའུ་ནས་འབྲལ་དགོས་ན་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས31ཉིན་གྱི་ཆུ་ཚོད22ནས་བཟུང་། ཀོང་ཀྲོའུ་ནས་འབྲལ་དགོས་ན་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས། 

ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱིས་ཚེས30ཉིན་བསྒྲགས་རྒྱུར། མི་སྣ་འགྲོ་འོང་ལས་རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད། ཀོང་ཀྲོའུ་ནས་ཁ་འབྲལ་བའི་རླངས་འཁོར་དང་མི་སྣར་གཤམ་གསལ་གྱི་དོ་དམ་བྱེད་ཐབས་སྤྱོད་རྒྱུ་ཡིན། 

ཀོང་ཀྲོའུ་ཡི་གནམ་གྲུ་འབབ་ཚིགས་དང་ལྕགས་ལམ། གཞུང་ལམ་སོགས་བརྒྱུད་ནས་ཀོང་ཀྲོའུ་དང་ཁ་འབྲལ་བའི་ཡུལ་སྐོར་བས(ཕྱི་ནས་ཡོང་བའི་ལམ་འགྲོ་བ་མི་འདུ)བདེ་ཐང་ཨང་བཤེར་སྟོན་དགོས་པ་དང་། ཆུ་ཚོད72ནང་གི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས། དུས་ལྟར་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་སྟོན་མི་ཐུབ་པའི་ཡུལ་སྐོར་བས་རིན་མེད་ངང་པ་སེ་ཕྱིར་སློག་བྱེད་པའི་རེ་ཞུ་ཞུས་ཆོག 

ཀོང་ཀྲོའུ་ནས་ཁ་འབྲལ་བའི་རླངས་འཁོར་ཆུང་བའི་ནང་གི་མི་སྣས་ཆུ་ཚོད72ནང་གི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པའི་དཔང་ཡིག་གྲ་སྒྲིག་བྱས་ཏེ་ཞིབ་བཤེར་བྱེད་པར་སྟབས་བདེ་བསྐྲུན་དགོས། 

ཟོག་འདྲེན་རླངས་འཁོར་གྱི་རྒྱུན་ལྡན་འཁོར་རྒྱུག་ལ་འགན་ལེན་བྱ་ཆེད། ཀོང་ཀྲོའུ་གྲོང་ཁྱེར་གྱིས་ལམ་ཐིག་གཙོ་བོ་འགའ་ནས་ཁ་ལོ་བར་ཉིང་སྐྱུར་བཤེར་འཇལ་གྱི་ས་ཚུགས་བསྐྲུན་རྒྱུ་ཡིན་ལ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་རིན་མེད་ངང་ཉིང་སྐྱུར་བཤེར་འཇལ་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། དུས་ཚོད་དང་ས་གནས་རྗེས་སོར་བསྒྲགས་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།