ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གཞུང་ལུགས་ཞིབ་འཇུག་གྲོས་མོལ་ཚོགས་འདུ་ལ་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་འཛམ་གླིང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གཞུང་ལུགས་ཞིབ་འཇུག་གྲོས་མོལ་ཚོགས་འདུ་ལ་འཕྲིན་ཡིག་གི་ལམ་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་གསལ་སྟོན་མཛད་ཡོད་པས། དེ་ནི་ང་ཚོས་འཇིག་རྟེན་ལ་ངོས་འཛིན་བྱེད་པ་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་གཟུངས་འཛིན་སྟོབས་དང་ལྡན་པ་ཞིག་ཡིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་མར་ཁེ་སི་རིང་ལུགས་བསམ་བློའི་མཛུབ་སྟོན་དུ་བཀུར་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ཆོས་ཉིད་དང་ཀྲུང་གོའི་དངོས་ཡོད་ཞིབ་ཕྲ་ཟུང་འབྲེལ་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་དུ་འགྱུར་བར་སྐུལ་འདེད་གང་ལེགས་བཏང་། མར་ཁེ་སི་རིང་ལུགས་ཀྱིས་དུས་རབས་ཉེར་གཅིག་པའི་ཀྲུང་གོ་ལ་གསོན་ཤུགས་གསར་པ་སྦྱིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ནང་ཚུད་དུ་བཅུག་པར་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཡངས་པར་བཏོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་མིའི་རིགས་སྤྱི་ཚོགས་ཀྱི་མདུན་དུ་ལྷག་པའི་ཐུན་མོང་འགྲན་རྩོད་ལ་ཁ་གཏད་འཇལ་བར་འཛམ་གླིང་མར་ཁེ་སི་རིང་ལུགས་ཀྱིས་བསམ་བློ་བརྗེ་རེས་དང་ཕན་ཚུན་བར་སྐད་ཆ་ཤོད་རེས་ཀྱི་རྣམ་པར་ཤུགས་སྣོན་རྒྱག་འོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།