ལིས་ཁི་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་བྱ་འགུལ་སྤེལ་བར་ཁ་པར་བཏང་ནས་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་བྱ་འགུལ་སྤེལ་བར་ཁ་པར་བཏང་ནས་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་བསྟན་དོན། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་འཛམ་གླིང་གི་གནད་དོན་ཅི་རིགས་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ཇུས་ཡིན། ན་ནིང་། ང་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་མཉམ་དུ་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ལོ་ཁྱབ་བསྒྲགས་བྱས་པ་དང་།དེ་ནི་ཕྱོགས་གཉིས་ཀས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནོད་འགོག་གནོད་སེལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། དབུལ་བོ་ཇེ་ཉུང་དུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བར་ཤུགས་སྣོན་ཆེད་དང་། རང་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བར་མཐུན་རྐྱེན་ཅི་རིགས་བསྐྲུན་ཆེད་ཡིན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་བར་མནའ་འབྲེལ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་ཀུན་ཏུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཉེ་འཁོར་གྱི་ཕྱི་འབྲེལ་བྱེད་ས་ཐོག་མ་རུ་བརྩིས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་པའི་ཁྲོད་ཀྱི་སྲོག་ཤིང་གོ་གནས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་སྒོ་འབྱེད་དང་དཀྱེལ་ཡངས་རྣམ་པའི་ས་ཁུལ་བཀོད་གཏོང་བསྐྲུན་པའི་ཁྲོད་ཀྱི་བྱེད་ནུས་གལ་ཆེན་ལའང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།