ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་གླིང་གཉིས་ཀྱི་ཡོན་ཧྲི་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཐེངས་བཅུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ནས་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་དང་ཀྲུང་གོ་ཚན་རིག་ལག་རྩལགམཐུན་ཚོགས་ཀྱི་ཐེངས་བཅུ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཚོང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གཏམ་གལ་ཆེན་གནངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ལོན་པར་བྱེད་རྒྱུ་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་པའི་ཐད་བླང་བྱ་བཏོན།

ལིས་ཁི་ཆང་གིས་བཤད་རྒྱུར། ན་ནིང་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་དོན་བཟང་བོར་བསྒྲུབས་ནས། རང་རྒྱལ་དཔལ་འབྱོར་གྱིས་བརྡབ་གསིག་ཆེན་པོའི་འོག་ཏུ་ཉམས་མེད་བརྟན་བརླིང་གི་རྣམ་པ་བསྟན་པ་དང་བརྟན་འཇགས་ངང་སླར་གསོའི་རྣམ་པ་མངོན་འགྱུར་བྱས། རྒྱ་ཆེ་བའི་ཚན་རྩལ་ལས་བཟོ་བ་རྣམས་ཀྱིས་ལས་རིམ་འདིའི་ཁྲོད་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་གནས་སྟངས་རྙོག་འཛིང་ལྡན་པས། ངེས་པར་དུ་རང་རྒྱལ་ཀྱི་གཞི་རྩའི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱེད་རྒྱུ་དང་རང་ཉིད་ཀྱི་ལས་དོན་བཟང་བོར་སྒྲུབ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་གཏོང་སྟངས་གསར་པ་འཛུགས་སྐྲུན་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་པ། དཔལ་འབྱོར་འཁོར་རྒྱུག་གི་ལུགས་མཐུན་རྣམ་པ་སྲུང་འཛིན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

ལིག་ཧི་སོགས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།