ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧེ་ཧན་གྱི་ཙུང་ཐུང་ཅིག་ཁ་ནོ་ཝེ་ཆི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེ་ཧན་གྱི་ཙུང་ཐུང་ཅིག་ཁ་ནོ་ཝེ་ཆི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧེ་ཧྲན་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་སྲུང་འཛིན་བྱས་ཤིང་། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་སོགས་རྐྱེན་སྲོལ་གྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གྲུབ་འབྲས་འབུར་དུ་ཐོན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། རིམས་ནད་འགོག་བཅོས་དང་ལས་ཐོན་སླར་གསོ་སོགས་ཕྱོགས་ནས་མཉམ་ལས་བཟང་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཧེ་ཧྲན་གྱི་རིམས་འགོག་ཐད་ལ་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྐབས་སུ། ངས་ཙུང་ཐུང་ལགས་དང་དེ་མིན་ཚོགས་འདུར་ཞུགས་པའི་མགོ་ཁྲིད་པ་དང་མཉམ་དུ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན་ཏེ། མཉམ་ལས་རྐྱེན་སྲོལ་འཕེལ་རྒྱས་ཐད་ལ་འཆར་འགོད་བཟང་བོ་བྱས། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་དུ་མཉམ་ལས་ལྗང་མདོག་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཧྲན་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་ཁོར་སྲུང་མཉམ་ལས་རྐྱེན་སྲོལ་གྱི་སྣེ་ཁྲིད་རྒྱལ་ཁབ་ཡིན་པའི་ཆ་ནས་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཧེ་ཧྲན་ཕྱོགས་དང་མཉམ་དུ་མཐོ་རིམ་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དང་གྲུབ་འབྲས་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཅིག་ཁ་ནོ་ཝེ་ཆི་ཡིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་མགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་རླབས་ཆེན་ཐོབ་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོས་སྔར་ལས་ལེགས་པའི་གྲུབ་འབྲས་ལེན་ཐུབ་པར་ཡིད་ཆེས་ཡོད། ཧེ་ཧྲན་ཕྱོགས་ཀྱིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པར་གཟེངས་བསྟོད་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱས་པར་བརྩི་འཇོག་བྱེད་པར་གཟེངས་བསྟོད་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཧྲན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་མིན་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཧེ་ཧྲན་ཕྱོགས་མུ་མཐུད་དུ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་འཕེལ་རྒྱས་ཁྲོད་དུ་ཞུགས་འདོད་ཡོད་པ་དང་། བློ་ཐག་རྦད་ཆོད་སྒོས་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།