ཀྲུང་གོ་བོད་ཀྱི་དྲ་བ།

《དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཀློག་དེབ》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་ཡང་དག་ལེན་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ལས་སྒོ་ཅུའུ་ཡིས་མཉམ་དུ་རྩོམ་སྒྲིག་བྱས་པའི《དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཀློག་དེབ》ཞེས་པའི་དེབ་འདི་ཉེ་ཆར་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

དེབ་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་བརྒྱུད་རིམ་ལྡན་པ་དང་། ཕྱོགས་ཡོངས། ཡང་དག་པ་བཅས་ཀྱི་སྒོ་ནས་གསལ་འགྲེལ་བྱས་ཏེ་སྤྱི་བཤད་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ། ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་། སྲིད་འཛིན་རྐང་འཛིན་དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་བཅས་ཁག་དྲུག་ལས་གྲུབ་པ་དང་། དེ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལྷག་པར་དུ་ཏང་དོན་ལས་སྒྲུབ་པ་དང་རྩ་འཛུགས་ལས་དོན་ལས་སྒྲུབ་པས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་དབང་གྲགས་ལྡན་པའི་མཛུབ་ཁྲིད་ཡིག་ཆ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།