ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སྐོར་དང་པོའི་འབྱུང་འགྱུར་ལག་རྩལ་སློབ་གླིང་གི་མིང་ཐོ་བཀྲམ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས26ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡི་གཞུང་ལས་ཐིང་གིས་ཉེ་སྔོན་སྐོར་དང་པོའི་འབྱུང་འགྱུར་ལག་རྩལ་སློབ་གླིང་གི་མིང་ཐོ་བཀྲམ་པ་རེད། དེའི་ཁྲོད་པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན། པེ་ཅིང་མཁའ་འགྲུལ་སློབ་ཆེན་བཅས་སློབ་ཆེན12འདུས་ཡོད་པ་རེད། བརྡ་སྦྱོར་ནང་བསྟན་པ་ལྟར་ན། སྐོར་དང་པོའི་སློབ་གླིང་འཛུགས་སྐྲུན་གྱི་མཐོ་རིམ་སློབ་ཆེན་དག་གིས་མ་འོངས་པའི་ལོ10ནས་ལོ15ནང་མདུན་གྲལ་རང་བཞིན་དང་གསར་བརྗེའི་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་ལ་དམིགས་ནས་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་པའི་ལག་རྩལ་གསར་གཏོད་ཐད་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།