ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུ“ཀྲུང་གོའི་ཆེད་དོན་ཚོགས་འདུའི”བྱེད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་གདན་ཞུས་ལྟར་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པ་བརྒྱུད་དེ་མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུའི“ཀྲུང་གོའི་ཆེད་དོན་ཚོགས་འདུའི”བྱེད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་སྟེ། ཀྲུང་གོའི་འཕེལ་རྒྱས་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བ། དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་སོགས་ཀྱི་ཐད་ནས་ཀྲུང་གོའི་ལངས་ཕྱོགས་གཙོ་གནད་ཀྱིས་གསལ་འགྲེལ་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཡིད་ཆེས་བྱེད་ཆོག་པའི་གྲོགས་པོ་ཡིན་པ་ལས། ཕན་ཚུན་འགྲན་རྒོལ་བྱེད་པའི་ལམ་ལུགས་རང་བཞིན་གྱི་འགྲན་ཟླ་མིན། ཀྲུང་གོར་ལམ་ལུགས་སྟེང་གི་ཡིད་ཆེས་ཡོད་པ་མ་ཟད། དཔལ་ཡོན་སྟེང་གི་བཟོད་སྒོམ་ཡང་ཡོད། ང་ཚོས་རང་གིས་འདེམས་པའི་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་གིས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག   རྒྱལ་ཁབ་གཞན་པའི་རང་བརྟེན་གདམ་གར་བརྩི་འཇོག་གང་ལེགས་བྱས་ནས།  ལམ་ལུགས་ཕྱིར་གཏོང་དང་ལམ་ལུགས་འགྲན་རྩོད་གང་ཡང་བྱེད་མི་སྲིད་ཅེས་བཤད། 

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོས་ཡོ་རོབ་གླིང་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོ་བོ་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་ནས།  ཡོ་རོབ་གླིང་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་མུ་མཐུད་དུ་རྒྱུན་འཁྱོངས་དང་རྒྱ་བསྐྱེད་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐབས་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་ཁ་ཕྱོགས་ཆེན་པོ་དང་རྩ་བའི་དགོངས་གཞི་ཡིན་པས། ཡོ་རོབ་ཕྱོགས་རོགས་ཟླར་བརྩི་བ་ལས་འགྲན་ཟླའི་ལྟ་སྟངས་མི་འཛིན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཡོ་རོབ་མནའ་འབྲེལ་གྱི་མཐུན་སྒྲིལ་རང་འབད་ལ་རྒྱབ་སྐྱོར་བྱ་རྒྱུ་དང་།  འཐབ་ཇུས་ཀྱི་རང་བདག་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་སྤྱིའི་ཐོག་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཆ་འཕྲིན་རྫུས་མས་གནས་ཚུལ་ངོ་མ་སྦ་གསང་བྱེད་པར་གཡོལ་བ་དང་། ཆབ་སྲིད་ཀྱི་ནད་དུག་གིས་མཐུན་སྒྲིལ་ལ་གཏོར་བརླག་མི་གཏོང་བར། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་དམངས་ཀྱི་འདོད་བློ་དང་སྤྱི་ཚོགས་ཀྱི་རྨང་གཞི་འདིང་དགོས་ཞེས་བཤད།

ཝང་དབྱི་ཡིས་ད་དུང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་གཏོང་གྲོས་ཆོད། ཕྱོགས་མང་རིང་ལུགས། ཞིན་ཅང་སོགས་ཀྱི་གནད་དོན་ཐད་དྲི་བར་ལན་བཏབ་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།