ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ4རིང་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི13.8ལ་སླེབས་ནས་འཛད་སྤྱོད་ཁྲོམ་ར་བརྟན་བརླིང་ངང་སླར་གསོ་བྱུང་ཡོད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་འཛད་སྤྱོད་སྐུལ་སྤེལ་སི་ཡི་འགན་འཁུར་མི་སྣས་ཉེ་ལམ་མཚམས་སྦྱོར་བྱས་པ་ལྟར་ན། ཟླ4བར། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རར་མུ་མཐུད་དུ་བརྟན་བརླིང་ངང་སླར་གསོ་བྱུང་བའི་རྣམ་པ་མངོན་ལ། སྲོལ་རྒྱུན་འཛད་སྤྱོད་ལ་སྤུས་འདེགས་རིམ་སྤར་དང་གསར་དར་འཛད་སྤྱོད་ནི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། ཞབས་ཞུའི་འཛད་སྤྱོད་དེ་མུ་མཐུད་དུ་ཇེ་ཆེར་སོང་ནས། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི3.3ལ་སླེབས་པ་དང་དུས་མཉམ་ལས17.7%འཕར་ལ། དེ2019ལོའི་དུང་མཉམ་དང་བསྡུར་ན8.8%འཕར་ཡོད། ཟླ1པོ་ནས་ཟླ4པའི་བར་དུ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི13.8ལ་སླེབས་ཤིང་དུས་མཉམ་ལས29.6%འཕར་བ་དང་། 2019ལོའི་དུས་མཉམ་དང་བསྡུར་ན8.6%འཕར་ཡོད།

ཟླ1པོ་ནས་ཟླ4པའི་བར་དུ། དངོས་ཟོག་ཚོང་རྫས་ཀྱི་དྲ་ཐོག་ཕྱིར་འཚོང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི3.1དང་དུས་མཉམ་ལས23.1%འཕར་བ་དང་། དེས་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་གྱི22.2%ཟིན་ཡོད། མགྱོགས་སྐྱེལ་ལས་རིགས་ཀྱིས་དངོས་པོ་དུང་ཕྱུར300ཡན་སྐྱེལ་བ་མངོན་འགྱུར་བྱས་ཤིང་དུས་མཉམ་ལས60%འཕར་ཡོད། ཟླ1པོ་ནས་ཟླ4པའི་བར་དུ། བཟའ་བཏུང་ལས་རིགས་ཀྱི་ཡོང་འབབ་བསྡོམས་པས་དུས་མཉམ་ལས67.7%འཕར་བ་དང་ཕལ་ཆེར2019ལོའི་དུས་མཉམ་གྱི་ཆུ་ཚད་དུ་སླེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།