ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཟླ་མཇུག་བར་དུ་རང་རྒྱལ་གྱི་ལག་འཁྱེར་ཁ་པར་ལས5Gསྤྱོད་མཁན་དུང་ཕྱུར3.1ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་ཆ་འཕྲིན་པུའུ་ཡི་ཆེས་གསར་བའི་བསྡོམས་རྩིས་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ4པའི་བར་དུ། གློག་འཕྲིན་ལས་དོན་གྱི་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར4861ལ་སླེབས་པ་དང་དུས་མཉམ་ལས6.6%འཕར། ཟླ4པའི་ཟླ་མཇུག་བར་དུ། རྨང་གཞིའི་གློག་འཕྲིན་ཁེ་ལས་ཆེན་མོ3གྱི་སྤོ་འགུལ་ཁ་པར་སྤྱོད་མཁན་དུང་ཕྱུར16.05ལ་སླེབས་ཤིང་ན་ནིང་གི་ལོ་མཇུག་ལས་སྤྱོད་མཁན་ཁྲི1084ཇེ་མང་དུ་སོང་ཡོད། དེའི་ནང5Gལག་འཁྱེར་ཁ་པར་སྤྱོད་མཁན་དུང་ཕྱུར3.1ལ་སླེབས་པ་དང་ན་ནིང་གི་ལོ་མཇུག་ལས་སྤྱོད་མཁན་དུང་ཕྱུར1.11ཇེ་མང་དུ་སོང་ཡོད།

ད་ལོའི་ཚུན་ནས་བཟུང་། གཏན་འཇགས་དྲ་ཡངས་སྤྱོད་མཁན་བརྟན་བརླིང་ངང་ཇེ་མང་དུ་སོང་བ་དང་། ཀྲའོ་སྟོང་ཅན་གྱི་དྲ་ཡངས་སྤྱོད་མཁན་ཁྲི་སྟོང་ལས་བརྒལ་ཡོད། ཟླ4པའི་ཟླ་མཇུག་བར་དུ། རྨང་གཞིའི་གློག་འཕྲིན་ཁེ་ལས་ཆེན་མོ3གྱི་གཏན་འཇགས་འཕྲེིན་སྦྲེལ་དྲ་བ་སྤྱོད་མཁན་དུང་ཕྱུར5.01ལ་སླེབས་པ་དང་ན་ནིང་གི་ལོ་མཇུག་ལས་སྤྱོད་མཁན་ཁྲི1706ཇེ་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།