ཀྲུང་གོ་བོད་ཀྱི་དྲ་བ།

2025ལོའི་སྔོན་དུ་རྫོང་རིམ་པའི་ཕན་བདེ་ལས་ཁུངས་དེ་དག་སྐྱེ་བོ་ལོ་ན་མ་སོན་པའི་རོགས་སྐྱོབ་སྲུང་སྐྱོང་ལས་ཁུངས་སུ་བསྒྱུར་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས25ཉིན་དམངས་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། དམངས་སྲིད་པུའུ་ཡིས་ཉེ་ལམ་སྡེ་ཁག13དང་མཉམ་འབྲེལ་བྱས་པ་བརྒྱུད《སྔར་ལས་ལྷག་པར་བྱིས་པའི་ཕན་བདེ་ལས་ཁུངས་ལེགས་སྒྱུར་སྤུས་ཚད་མཐོར་འདེགས་དང་གསར་སྐྲུན་ཚུལ་སྒྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར》གཏན་འབེབས་བྱས། བསམ་འཆར་ཁྲོད་བསྟན་དོན། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་བཙུགས་པའི་བྱིས་པའི་ཕན་བདེ་ལས་ཁུངས་དེ་དག་རྩ་དོན་སྟེང་སྐྱེ་བོ་ལོ་ན་མ་སོན་པའི་རོགས་སྐྱོབ་སྲུང་སྐྱོང་ལས་ཁུངས་སུ་བསྒྱུར་དགོས་ཤིང་། འབྲེལ་ཡོད་བཅོས་བསྒྱུར་བྱ་བ2025ལོའི་སྔོན་དུ་ལེགས་འགྲུབ་འབྱུང་དགོས།

རྒྱུས་ལོན་པ་ལྟར་ན། རང་རྒྱལ་དུ་བསྡོམས་པས་བྱིས་པའི་ཕན་བདེ་ཁང1217ཡོད་པ་དང་། མིག་སྔར་རང་རྒྱལ་གྱི་དྭ་ཕྲུག་གི་གྲངས་འབོར་མི་ཁྲི19ཡོད། དེ2012ལོ་མི་ཁྲི57དང་བསྡུར་ན66%མར་ཆག་ཡོད། རྒྱལ་ཡོངས་སུ70%ཙམ་གྱི་རྫོང་རིམ་པའི་བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་བྱིས་པ་བདག་སྐྱོང་བྱེད་ཚད་མི10ཙམ་ལོང་མེད་པ་དང་། བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་ཐོན་ཁུངས་བེད་མེད་དུ་སྐྱར་ཡོད། དེ་དང་ཆབས་ཅིག བྱིས་པའི་ཕན་བདེ་ཁང་གི་ཆེད་ལས་ཅན་གྱི་ཆུ་ཚད་ངེས་པར་དུ་ཇེ་མཐོར་གཏོང་དགོས་པས། འབྲེལ་ཡོད་ཚུལ་སྒྱུར་འཕེལ་རྒྱས་ལས་དོན་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་རེད།  །

1127488472_16219094580471n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།