ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གྱི་གསར་སྐྲུན་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས23ཉིན། རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་སྐྲུན་ལྟེ་གནས་དེ་ཁྲིན་ཏུའུ་གྲོང་ཁྱེར་ནས་སྒོ་བྱང་བཀལ།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚན་རྩལ་དང་ཆ་འཕྲིན་པུའུ་ཡི་འགན་ཁུར་མི་སྣས་བསྟན་དོན། རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་སྐྲུན་ལྟེ་གནས་བཙུགས་པ་དེས་རྒྱལ་ཁབ་འཐབ་ཇུས་ཁ་ཕྱོགས་དང་འཐབ་ཇུས་དགོས་མཁོ་དེ་སྣེ་ཁྲིད་དུ་བཟུང་སྟེ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཁོར་སྐྱོད་ཀྱི་བཟོ་འགོད་དགོས་མཁོར་དམིགས་ནས། གནད་འགག་ལག་རྩལ་ཀྱི་འགག་སྒྲོལ་དང་ཚན་རྩལ་གསར་སྐྲུན་གྲུབ་འབྲས་གལ་ཆེན་ཐོན་ལས་ཅན་དུ་མངོན་འགྱུར་རྒྱུན་འཁྱོངས་བྱེད་པ་དེ་ལས་འགན་དུ་བརྩིས་ཏེ། གཙོ་བོ་ཁྲོན་བོད་ལྕགས་ལམ་བཟོ་འགོད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ། གནོད་སྐྱོན་སྔོན་འགོག སྒྲིག་ཆས་གསར་བཟོ། འཁོར་སྐྱོད་དོ་དམ་སོགས་ཀྱི་ལས་འགན་ལ་གཞིགས་ནས་ལག་རྩལ་གསར་སྐྲུན་གྱི་སྟེགས་བུ་གསར་བ་འཛུགས་པ་དང་། ཚན་རྩལ་འགག་སྒྲོལ་གལ་ཆེན་དང་ལག་རྩལ་ཇུས་གཞི་རིགས་པས་ཁུངས་སྐྱེལ་བྱེད་པ་རྩ་འཛུགས་དང་། གཞི་གྲངས་ཆེན་མོའི་རིག་ནུས་རོགས་སྐྱོར་དང་ཞིབ་བཤེར་ཚད་ལེན། འདྲི་རྟོག་ཟབ་སྦྱོང་སོགས་ཀྱི་ཡུག་སྦྲེལ་ཅན་གྱི་ཞབས་ཞུ་མ་ལག་བཙུགས་ནས་གསར་སྐྲུན་གྲུབ་འབྲས་ཀྱི་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།