ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ན་གཞོན་ཚན་རིག་ཁྱབ་གདལ་སྲུང་སྐར་གྱི་སྐར་མ་ཨང་རྟགས06བཟོ་སྐྲུན་དངོས་སུ་མགོ་བརྩམས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་བསྡུས་པའི་ཀྲུང་གོའི་མཁའ་བསྐྱོད་ཚོགས་ཆེན་གྱི་རྒྱལ་ཡོངས་ན་གཞོན་མཁའ་བསྐྱོད་ཚན་རིག་ཁྱབ་གདལ་སློབ་གསོའི་གླེང་སྟེགས་དང་སློབ་གཙོའི་གླེང་སྟེགས་སྟེང་། ཞིན་ཅང་ཝུའུ་ལུའུ་མུའུ་ཆིའི་བརྒྱད་གཅིག་སློབ་འབྲིང་གི་དགེ་སློབ་འཐུས་ཚབ་ཀྱིས“བརྒྱད་གཅིག06སྐར་མའི”དར་དམར་བརྒྱུད་སྤྲོད་དང་ལེན་བྱས་པ་མ་ཟད་དམ་བཅས་ཤིང་། དེས་ཀྲུང་གོའི་ན་གཞོན་ཚན་རིག་ཁྱབ་གདལ་སྲུང་སྐར་གྱི་སྐར་མ་ཨང་རྟགས06པའི་བཟོ་སྐྲུན་དངོས་སུ་མགོ་བརྩམས་པ་མཚོན། 

“ཀྲུང་གོའི་ན་གཞོན་ཚན་རིག་ཁྱབ་གདལ་སྲུང་སྐར་བཟོ་སྐྲུན”ནི་རྒྱལ་ཁབ་མཁའ་བསྐྱོད་ཅུའུ་དང་། ཀྲུང་གོའི་མཁའ་བསྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ལས་ཁུངས་ཀྱི་མཛུབ་སྟོན་རྒྱབ་སྐྱོར་འོག  ཀྲུང་གོའི་མཁའ་བསྐྱོད་ཚན་རྩལ་རྒྱལ་སྤྱིའི་བརྗེ་རེས་ལྟེ་གནས་ཀྱིས་ལག་བསྟར་བྱས་པའི་ཚན་རིག་ཁྱབ་གདལ་བཟོ་སྐྲུན་ཞིག་ཡིན་ཞིང་། དམིགས་ཡུལ་ནི་རྒྱལ་དམངས་ཀྱི་ཚན་རྩལ་སྤུས་ཚད་མཐོར་འདེགས་དང་།སློབ་མར་རྒྱལ་སྤྱིའི་མིག་རྒྱང་དང་འགྲན་རྩོད་འདུ་ཤེས་ལྡན་པར་གསོ་སྐྱོང་བྱེད་པ་དེ་ཡིན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།