ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཤུགས་ཚད་ཆེ་རུ་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཉེ་ཆར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱིས་མུ་མཐུད་དུ་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོང་ཤུགས་ཚད་ཆེ་རུ་བཏང་ནས། ཧུར་ཐག་གིས་རི་སྐྱེས་སྐྱེ་དངོས་སྲུང་སྐྱོབ་དང་འཚོ་སྡོད་བྱེད་སའི་སྲུང་སྐྱོབ་སླར་གསོའི་བྱ་བ་སྤེལ་བ་དང་། ཕན་ནུས་ལྡན་པའི་སྒོ་ནས90%ཡན་གྱི་སྐྱེ་དངོས་རིགས་དང་སྐམ་སའི་སྐྱེ་ཁམས་མ་ལག་གི་རྣམ་པ། 65%ཡི་མཐོ་རིམ་སྐྱེ་དངོས་ཚོགས་པ་དང85%ཡི་གཙོ་གནད་རི་སྐྱེས་སྲུང་སྐྱོབ་ཀྱི་རིགས་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ཕན་འབྲས་མངོན་གསལ་བླངས།

རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱི་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་གཏན་འཇགས་ངང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། འཚོ་སྡོད་ཀྱི་གནས་བབ་མུ་མཐུད་དུ་ལེགས་བཅོས་བྱུང་ཡོད། རྒྱུད་སྤེལ་རྒྱ་བསྐྱེད་དང་གནས་གཞན་དུ་སྤར་ནས་སྲུང་སྐྱོབ་བྱས་པ་བརྒྱུད། ད་ལྟ་སྟོངས་ཉེན་ཆེ་བའི་སྐྱེ་དངོས་རིགས206ཕྱི་རོལ་ཏུ་བཏང་ཡོད། ཁྱོན་ཡོངས་ནས་ཐོན་ཁུངས་ཀྱི་གྲངས་ཀར་ཡང་དག་པའི་རྩིས་ལེན་བྱ་ཆེད། རང་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་རྟོག་ཞིབ་ཐེངས་གཉིས་པའི་བྱ་བ་སོགས་སྤེལ། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།