ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོ་དང་ཕ་ཁི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2021-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་པེ་ཅིང་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཀྲུང་གོར་སྡོད་པའི་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཧ་ཁི་ལ་ཐུག་འཕྲད་བྱས།

ཝང་ཆི་ཧྲན་གྱིས་གསུང་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀ་དུས་དང་རྣམ་པ་ཀུན་ཏུ་མཉམ་གནས་བྱས་ཡོད། ཉིས་སྟོང་བཅོ་ལྔ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་བཏང་བ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རྣམ་པ་གསར་བ་གསར་སྐྲུན་བྱས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ་ལག་རྡང་སྦྲེལ་ནས་དུས་རབས་གསར་བར་སྔར་ལས་དམ་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་མཛའ་མཐུན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཧ་ཁི་ཡིས་བཤད་དོན། ཕ་ཁི་སི་ཐན་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་ནི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་མཛའ་མཐུན་ཡོང་བ་ནི་ཕ་ཁི་སི་ཐན་རྒྱལ་ཡོངས་ཀྱི་ཐུན་མོང་གི་ལྟ་ཚུལ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་ལག་རྡང་སྦྲེལ་ཏེ་རྗེས་ཀྱི་ལོ་ངོ་བདུན་ཅུའི་ནང་གྲུབ་འབྲས་གསར་བ་ལེན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།