ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གཉིས་པའི་ཀྲུང་གོའི་དབུས་རྒྱུད་དངུལ་གཏོང་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུ་ཐེ་ཡོན་དུ་སྤེལ་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་ཀྲུང་གོའི་དབུས་རྒྱུད་དངུལ་གཏོང་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུ་ཧྲན་ཞི་ཐེ་ཡོན་དུ་སྤེལ་རྒྱུ་ཡིན་ཞིང་།སྐབས་འདིའི་ཀྲུང་གོའི་དབུས་རྒྱུད་དངུལ་གཏོང་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུས“སྒོ་འབྱེད་མཉམ་ལས་ཀྱི་རྣམ་པ་བསྒྱུར་བཅོས་གསར་གཏོད”བརྗོད་དོན་དུ་བྱས་ཡོད། 

སྐབས་འདིའི་ཀྲུང་གོའི་དབུས་རྒྱུད་དངུལ་གཏོང་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུས་ཆེས་ཐོག་མར་ཡུལ་དངོས་དང་དྲ་ཐོག་གཉིས་ཟུང་འབྲེལ་སྒོས་ཚོགས་སྒྲུབ་ཀྱི་རྣམ་པ་སྤྱད་པ་མ་ཟད། ཐོན་རྫས་གསར་བའི་ཁྱབ་བསྒྲགས་ཚོགས་འདུ་དང་། ཁྱད་ལྡན་ཐོན་རྫས་ཉོ་ཚོང་ཚོགས་འདུ། ཉོ་ཐོ་འགོད་པའི་ཚོགས་འདུ་སོགས་ཁྱད་ལྡན་འགྲེམ་ཚོགས་འཆར་འགོད་དང་། ཆེད་དོན་འགྲེམ་སྟོན་དང་ཐོན་རྫས་གསར་བའི་འགྲེམ་སྟོན་སྒྲིག་བཀོད་བྱས་ཡོད་ཅིང་། ཧྲན་ཞི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འགྲེམ་ཁུལ་དང་། ཧྲན་ཞི་ལྕགས་ལམ་འགྲིམ་འགྲུལ་ཐོན་ལས་གླིང་ཁུལ་སྒྲིག་འཛུགས་བྱས་པ་དང་། དབུས་རྒྱུད་ས་ཁུལ་གྱི་ཐོན་རྫས་གསར་བ་དང་།ལག་རྩལ་གསར་བ། སྒོས་སུ་སྒྲིག་ཆས་ལས་བསྣོན་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཕྱོགས་ནས་གཅིག་བསྡུས་སྒོས་མངོན་ཡོད། སྐབས་འདིའི་ཀྲུང་གོའི་དབུས་རྒྱུད་དངུལ་གཏོང་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུས་ད་དུང་ས་གནས་ཞབས་ཞུ་དང་། ཐོན་ལས་ཞབས་ཞུ་འབུར་ཐོན་གྱི་ཁྱད་ཆོས་མངོན་ཡོད། དབུས་རྒྱུད་ཀྱི་ཞིང་ཆེན་སོ་སོས་དངུལ་གཏོང་ཁོར་ཡུག་འོས་སྦྱོར་དང་ལས་གཞི་མཐུད་སྦྲེལ་ཚོགས་འདུ་སྤེལ་རྒྱུ་ཡིན་ཞིང་། ལྟད་མོ་བས་ད་དུང་ཧྲའོ་ཀྲིག་རྫ་ཆས་ཐོན་ལས་སོགས་ཁྱད་ལྡན་ཐོན་ལས་ལ་རྒྱུས་ལོན་བྱས་ཆོག  དེ་མིན། སྐབས་འདིའི་ཀྲུང་གོའི་དབུས་རྒྱུད་དངུལ་གཏོང་ཉོ་ཚོང་དངོས་མང་བཤམས་སྟོན་ཚོགས་འདུས་ད་དུང་ཕྱིའི་དངུལ་གཏོང་ཁེ་ལས་བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་ལ།ཧྲན་ཞི་ཞིང་ཆེན་གྱི་ཕྱིའི་སྐུ་མགྲོན་ཚོང་བ1000ལྷག་གདན་དྲངས་ཡོད་ཅིང་། སྒོས་སུ་རྒྱལ་ཁོངས་བརྒལ་བའི་ཀུང་སི218ལ་སླེབས་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།