ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞལ་ཆད་ལྟར་ཀྲུང་ནན་ཧའེ་ཙེ་ཀོང་ཀུ་རུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་ལ་ཁ་པར་བཏང་།  

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་ཕའི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན། སང་ཉིན་ནི་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨའར་ཝའེ་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རྒྱུ་རེད། ཕྱོགས་གཉིས་པོས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ངང་སྤེལ་ཏེ། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་རྒྱུ་ནོར་རྩ་ཆེན་དེ་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་བའི་རེ་བ་ཡོད། 

རྒྱལ་ཁབ་གཉིས་པོའི་ཙུང་ལི་ཡིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཐད་དགོངས་འཆར་བརྗེ་རེས་གནང་། ལི་ཁེ་ཆང་གིས་བསྟན་དོན། མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད། ནད་དུག་སྟེ་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོའི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཀྲུང་གོས་ཕ་ཁི་སི་ཐན་ལ་རིམས་ནད་འགོག་བཅོས་ཐད་ནུས་པ་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། 

དབྱི་མུའུ་ལན·ཧན་གྱིས་བསྟན་དོན། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ལྷག་པར་དུ་མིག་སྔའི་དུས་བབ་འོག་རིམས་ནད་འགོག་བཅོས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད།  ཕ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། 

ཝང་དབྱི་དང་ཧོ་ལི་ཧྥུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།