ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་སློབ་གསོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སྐུལ་འདེད་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས18ཉིན་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ཉེ་ལམ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ་སློབ་གསོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སྐུལ་འདེད་བཟོ་འགོད་ལག་བསྟར་བྱེད་ཐབས་དཔར་འགྲེམས་བྱས་པ་དང་། སློབ་གསོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སྐུལ་འདེད་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམས།

བྱེད་ཐབས་ལྟར་ན། སློབ་གསོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སྐུལ་འདེད་བཟོ་འགོད་ཀྱིས་རྨང་གཞི་སློབ་གསོ་དང་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཚན་པ་གསུམ་ལ་དམ་པོར་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་གནད་འགག་ལས་འགན་ལ་དོ་སྣང་བྱས་ཏེ། སྐུལ་ཁྲིད་རང་བཞིན་བཟང་བ་དང་དཔེ་སྟོན་རང་བཞིན་ཆེ་བ། ཁྱབ་རྒྱ་ཆེ་བ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གནད་ལ་འཁེལ་བའི་སྒོ་ནས་དངུལ་གཏོང་དེ་དགོས་གལ་ཆེ་སར་བཀོལ་དགོས། ཀྲུང་དབྱང་དངུལ་གཏོང་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། དངུལ་གཏོང་གིས་ལམ་སྲོལ་བརྗེ་བ་དང་། འབྲེལ་ཡོད་ཁྱབ་ཁོངས་དང་ས་ཁོངས་ལས་གྲུབ་པའི་ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད་དང་ཐག་གཅོད་བྱེད་ཐབས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་དང་གསར་དར་གྲོང་རྡལ་ཅན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གལ་ཆེན་ལ་འབྲེལ་མཐུད་བྱས་ཏེ་གཙོ་གནད་ཚན་རྩལ་འགག་སྒྲོལ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་འགན་གཙོ་གནད་ལ་ཞབས་ཞུ་བྱས་ནས“དངུལ་གཅིག་ཕྱོགས་མང་ལ་བཀོལ་བར”བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།