ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཐུ་བོ་ཆེས་བསྒྱུར།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་བ་ཞུ།

དང་པོ། ལོ་རྒྱུས་བཞི་ནི། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སོ།།

གཉིས་པ། 1919ལོར་ལི་ཏ་ཀྲའོ་ཡིས《ན་གཞོན་གསར་པ》ཡི་སྟེང《ང་ཡི་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ》ཞེས་པའི་རྩོམ་ཡིག་སྤེལ་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་ལོ་རྒྱུས་ལྟ་བ་དང་ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ངོ་སྤྲོད་བྱས།

གསུམ་པ། 《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་རྒྱ་ཡིག་གི་ཐོག་མའི་འགྱུར་ཆ་ཚང་ནི་ཁྲིན་ཝང་ཏའོ་ཡིས་བསྒྱུར་ཞིང་།1920ལོའི་ཟླ8པར་ཧྲང་ཧའེ་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ཁང་གིས་དཔར་སྐྲུན་བྱས།

བཞི་པ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ནི1921ལོའི་ཟླ7པའི་ཚེས23ཉིན་འཚོགས་ཤིང་། ཚོགས་ར་ཧྲང་ཧེའི་ཧྥ་རན་སིའི་བཙན་གཡར་ས་ཆའི་ཝང་ཀྲི་ལམ་གྱི་སྒོ་རྟགས་ཨང106པ(ད་ལྟའི་ཞིན་ཡེ་ལམ་གྱི་སྒོ་རྟགས་ཨང76པ)ལ་བཀོད་སྒྲིག་བྱས། ཚོགས་ཆེན་གྱི་ཆེས་མཐའ་མཇུག་གི་ཚོགས་འདུ་དེ་ཀྲེ་ཅང་ཅཱ་ཞིན་གྱི་ནན་ཧུའུ་མཚེའུ་ཡི་ཡུལ་སྐོར་མཚོ་གྲུར་གནས་སྤར་ཏེ་འཚོགས།

ལྔ་པ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་སྟེང་ཁྲིན་ཏུའུ་ཞིའུ་ཀྲུང་དབྱང་ཅུས་ཀྱི་ཧྲུའུ་ཅིར་བདམས།

དྲུག་པ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་གྲོས་དོན་གཙོ་བོ་ནི་ཚད་ལྡན་ཅན་གྱི་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་བཙུགས་པ་དེ་ཡིན།

བདུན་པ། གྲུ་ཆེན་དམར་པོའི་སྙིང་སྟོབས་ནི་གནམ་ས་གོ་འབྱེད་དང་ཀུན་གྱི་སྔོན་ལ་བསྒྲུབ་ཕོད་པ་དེ་ཡིན།

བརྒྱད་པ། ཏང་གི་ཚོགས་ཆེན་གཉིས་པ1922ལོའི་ཟླ7པའི་ཚེས16ཉིན་ནས་ཚེས23ཉིན་བར་ཧྲང་ཧའེ་རུ་འཚོགས།

དགུ་པ། ཏང་གི་ཚོགས་ཆེན་གཉིས་པས་གཏན་ལ་ཕབ་པའི་ཏང་གི་ཆེས་མཐོའི་རྩ་འཛིན་དང་ཆེས་དམའ་བའི་རྩ་འཛིན་ལས། ཆེས་མཐོའི་རྩ་འཛིན་ནི་འབྱོར་མེད་གྲལ་རིམ་རྩ་འཛུགས་བྱས་ཤིང་གྲལ་རིམ་འཐབ་རྩོད་ཀྱི་བྱེད་ཐབས་སྤྱད་ནས་ངལ་རྩོལ་མི་དམངས་ཀྱི་སྲིད་དབང་སྒེར་འཛིན་གྱི་ཆབ་སྲིད་འཛུགས་པ་དང་། རྒྱུ་ནོར་སྒེར་ལ་དབང་བའི་ལམ་ལུགས་རྩ་རྫོགས་བྱས་ཏེ། རིམ་གྱིས་གུང་ཁྲན་རིང་ལུགས་སྤྱི་ཚོགས་མངོན་འགྱུར་བྱ་རྒྱུ་དེ་ཡིན། ཆེས་དམའ་བའི་རྩ་འཛིན་ནི་ནང་འཁྲུག་མེད་པར་བཟོ་བ་དང་། དམག་ཤེད་ཅན་གྱི་མགོ་རྟིང་བསློག་པ། རྒྱལ་ནང་ལ་ཞི་བདེ་བསྐྲུན་པ་དང་རྒྱལ་སྤྱིའི་བཙན་རྒྱལ་རིང་ལུགས་ཀྱི་གཉའ་གནོན་རྩ་མེད་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཞི་ནས་སྒེར་ཚུགས་བྱེད་ཐུབ་པར་མ་ཟད། གཅིག་གྱུར་གྱི་ཀྲུང་གོ་ནི་དོན་དངོས་སྟེང་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་དེ་ཡིན།

བཅུ་པ། ཏང་གི་ཚོགས་ཆེན་གསུམ་པས་གུང་ཁྲན་ཏང་ཡོན་རང་ངོས་ནས་གོ་མིན་ཏང་ལ་ཞུགས་ནས། གོ་གུང་མཉམ་འབྲེལ་མངོན་འགྱུར་བྱེད་པ་དང་། དུས་མཚུངས་སུ་ངེས་པར་ཆབ་སྲིད་དང་བསམ་བློ། རྩ་འཛུགས་ཀྱི་སྟེང་ནས་རང་ཉིད་ཀྱི་སྒེར་ཚུགས་རང་བཞིན་སྲུང་འཛིན་བྱེད་དགོས་པར་ཐག་བཅད།

བཅུ་གཅིག བདུན་གཅིག་ལྔའི“གུང་ཁྲན་ཏང་ལོགས་སུ་བཀར་བའི”དོན་རྐྱེན་གྱིས། གོ་གུང་མཉམ་འབྲེལ་ཐེངས་དང་པོ་ཕྱོགས་ཡོངས་ནས་འཐོར་ཞིང་གསར་བརྗེ་ཆེན་མོ་མཇུག་མཐར་ཕམ་ཉེས་བྱུང་བ་མཚོན།

བཅུ་གཉིས། ནན་ཁྲང་འོས་ལངས་ཀྱིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་པས། ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་ཀྱིས་གསར་བརྗེ་ལ་མགོ་ཁྲིད་བྱེད་པ་དང་། མི་དམངས་དམག་དཔུང་སྒྲིག་འཛུགས་བྱེད་པ། དྲག་ཆས་ལ་བརྟེན་ནས་སྲིད་དབང་འཛིན་པའི་མགོ་བརྩམས་པ་མཚོན།

བཅུ་གསུམ། 1926ལོའི་ཟླ7པའི་ཚེས9ཉིན། བྱང་འདུལ་དམག་འཁྲུག་དངོས་སུ་མགོ་བརྩམས།

བཅུ་བཞི། བྱང་འདུལ་དམག་འཁྲུག་གི་འབོད་ཚིག་ནི་མ་རྩ་རིང་ལུགས་རྩ་མེད་དུ་གཏོང་བ་དང་དམག་ཤེད་ཅན་གཙང་སེལ་བྱ་རྒྱུ་དེ་ཡིན།

བཅོ་ལྔ། བརྒྱད་བདུན་གྲོས་ཚོགས་ནི1927ལོའི་ཟླ8པའི་ཚེས7ཉིན་ཧུའུ་པེ་ཧན་ཁུག་ནས་འཚོགས།

བཅུ་དྲུག བློ་མཐུན་མའོ་ཙེ་ཏུང་གི“མེ་མདའ་ལ་བརྟེན་ནས་སྲིད་དབང་འཛུགས་པ”ཞེས་པའི་སྐད་གྲགས་ཆེ་བའི་ཆོད་གཏམ་ཡང་བརྒྱད་བདུན་གྲོས་ཚོགས་སྟེང་བཏོན་པ་རེད།

བཅུ་བདུན། ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་ཐོག་མའི་གསར་བརྗེ་གནས་གཞིའི་ས་ཁུལ་ནི་ཅིན་ཀང་རི་བོའི་གསར་བརྗེ་གནས་གཞིའི་ས་ཁུལ་ཡིན།

བཅོ་བརྒྱད། མོ་ཙེ་ཏུང་གིས་མགོ་ཁྲིད་པའི་ཞང་ཀན་མཐའ་མཚམས་ཀྱི་སྟོན་སྡུད་འོས་ལངས་ཀྱི་དམག་དཔུང་དེ1927ལོའི་ཟླ10པར་ཅང་ཞིའི་ཉིན་ཀཱང་ལ་སླེབས་ཏེ། ཅིན་ཀང་རི་བོའི་གསར་བརྗེ་གནས་གཞིའི་ས་ཁུལ་གྱི་འཐབ་རྩོད་བྱེད་པའི་མགོ་བརྩམས།

བཅུ་དགུ། 1928ལོའི་ཟླ6པའི་ཚེས18ཉིན་ནས་ཟླ7པའི་ཚེས11ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དེ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ཉེ་འདབས་ཀྱི་གྲོང་རྡལ་ཙི་བེ་ཉི་ཀའོ་ལའོ་ཏི་རུ“དངུལ་མདོག་གཞིས་སྒར”དུ་གསང་བའི་སྒོ་ནས་འཚོགས།

ཉི་ཤུ། དམར་དམག་རྒྱང་སྐྱོད་ནི1934ལོའི་ཟླ10པར་མགོ་བརྩམས་ཤིང1936ལོའི་ཟླ10པར་མཇུག་བསྡུས་པ་རེད།

ཉེར་གཅིག 1927ལོའི་ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས3ཉིན་བར། མའོ་ཙེ་ཏུང་གིས་ཅང་ཞི་ཞིང་ཆེན་ཡོང་ཞིན་རྫོང་སན་བཱན་སྡེ་བ་ནས་འཛམ་གླིང་དུ་མིང་དུ་གྲགས་པའི“སན་བན་བཅོས་སྒྲིག”ལ་མགོ་ཁྲིད་དེ། ཆབ་སྲིད་དང་རྩ་འཛུགས་ཕྱོགས་ནས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་པར་ཁག་ཐེག་བྱས་པས། དེ་ནི་ང་ཚོའི་ཏང་གིས་རྣམ་པ་གསར་པའི་མི་དམངས་དམག་དཔུང་འཛུགས་པའི་ཕྱོགས་སུ་བླངས་པའི་ཆེས་ཐོག་མའི་རྒྱལ་ཁའི་འཚོལ་ཞིབ་དང་ལག་ལེན་ཡིན་ཞིང་། དེར་བརྟེན་མའོ་ཙེ་ཏུང་གི་མི་དམངས་དམག་དཔུང་སྒྲིག་འཛུགས་ཕྱོགས་ཀྱི་བསམ་བློ་གྲུབ་མགོ་བརྩམས་པ་མཚོན་ཡོད།

ཉེར་གཉིས། 《བརྒྱད་གཅིག་བསྒྲགས་གཏམ》གྱི་མིང་ཆ་ཚང་ནི་ཀྲུང་གོ་སུའུ་ཝེ་ཨེད་སྲིད་གཞུང་དང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་གིས་འཇར་འགོག་རྒྱལ་སྐྱོབ་བྱེད་ཆེད་སྤུན་ཟླ་ཡོངས་ལ་ཕུལ་བའི་འཕྲིན་ཡིག་ཅེས་པ་དེ་ཡིན།

ཉེར་གསུམ། 1935ལོའི་ཟླ1པོའི་ཚེས15ཉིན་ནས་ཚེས17ཉིན་བར། ཙུན་དབྱི་གྲོས་ཚོགས་འཚོགས།

ཉེར་བཞི། ཙུན་དབྱི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་པོ་ཀུའུ་དང་ལི་ཏེ་སོགས་ཀྱི་ནོར་འཁྲུལ་ཅན་གྱི་ཆབ་སྲིད་ལམ་ཕྱོགས་དང་དམག་དོན་ལམ་ཕྱོགས་ལ་དགག་པ་དང་། མའོ་ཙེ་ཏུང་གི་དམག་དོན་དམག་འཐབ་ཀྱི་གཞི་རྩའི་རྩ་དོན་གཏན་འཁེལ། ཏང་དང་དམར་དམག་གི་མགོ་ཁྲིད་བསྐྱར་སྒྲིག་བྱས་པ་བཅས་ཏེ། དོན་དངོས་སུ་མའོ་ཙེ་ཏུང་གི་ཏང་དང་དམར་དམག་ཁྲོད་ཀྱི་མགོ་ཁྲིད་གོ་གནས་གཏན་འཁེལ་བྱས་པ་རེད།

ཉེར་ལྔ། 1936ལོའི་ཟླ10པར། དམར་དམག་གི་དམག་དཔུང་སྒར་ཆེན་བཞི་པ་དང་གཉིས་པས་སྔ་རྗེས་སུ་དམར་དམག་གི་དམག་དཔུང་སྒར་ཆེན་དང་པོ་དང་ཀན་སུའུ་ཡི་ཧུའེ་ཉིང་དང་ཅིང་ཉིན་གྱི་ཅང་ཐའེ་པའོ་གཉིས་ནས་ལྷན་དུ་འཛོམས་པས། རྒྱལ་ཁའི་ངང་དམར་དམག་རྒྱང་སྐྱོད་མཇུག་སྒྲིལ།

ཉེར་དྲུག ཡན་ཨན་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་གཞི་རྩའི་བྱེད་ཕྱོགས་ནི“སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”བྱ་རྒྱུ་དེ་ཡིན།

ཉེར་བདུན། ཝ་ཡའོ་པའོ་གྲོས་ཚོགས་ཀྱི་ནང་དོན་ནི། གྲོས་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཆབ་སྲིད་གནས་བབ་དང་ཏང་གི་ཐབས་ཇུས་ལམ་ཕྱོགས། དམག་དོན་འཐབ་ཇུས་བཅས་རྩ་གནད་དུ་བཟུང་ནས་གྲོས་བསྡུར་བྱས་ཤིང་། འཇར་འགོག་དམག་འཁྲུག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་ཐབས་ཇུས་གསར་པ་འཛུགས་སྐྲུན་བྱེད་པ་གཏན་འཁེལ་བྱས་ཤིང་།དེར་བསྟུན་བྱེ་བྲག་གི་སྲིད་ཇུས་སྣ་ཚོགས་ལ་ཡང་སྙོམས་སྒྲིག་བྱས། གྲོས་ཚོགས་སྟེང《ཀྲུང་དབྱང་གི་དམག་དོན་འཐབ་ཕྱོགས་གནད་དོན་སྐོར་གྱི་ཆོད་ཡིག》དང《ཀྲུང་དབྱང་གི་མིག་སྔའི་ཆབ་སྲིད་གནས་བབ་དང་ཏང་གི་ལས་འགན་སྐོར་གྱི་ཆོད་ཡིག》ལ་གྲོས་མཐུན་བྱུང་། 

ཉེར་བརྒྱད། 1936ལོའི་ཟླ12པའི་ཚེས12ཉིན། ཞི་ཨན་དུས་འགྱུར་བྱུང་།

ཉེར་དགུ། མདའ་ཤོག་བརྒྱའི་གཡུལ་འགྱེད་ནི། ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་སྐབས་སུ། གུང་ཁྲན་ཏང་གི་མགོ་ཁྲིད་འོག་དམག་སྡེ་བརྒྱད་པའི་ཅིན་ཁྲ་ཅི་དམག་ཁུལ་གྱི་སྟོང་ཤོག་བརྒྱ་དང་ཉེར་དགུ་པ། སྟོང་ཤོག་བརྒྱ་དང་ཉི་ཤུ་པ་བཅས་ལ་སྤྱི་ཁྱབ་པུའུ་ཡིས་གཅིག་གྱུར་བཀོད་འདོམས་བྱས་འོག ཀྲིན་ཐའེ་ལྕགས་ལམ(ཧྲི་ཅ་ཀྲོང་ནས་ཐའེ་ཡོན་བར)འཐབ་གནས་གཙོ་བོར་བཟུང་བའི་གཏོར་རྒོལ་དམག་འཁྲུག་བསླངས་ཤིང་། དམག་འཁྲུག་ནང་ཞུགས་པའི་དམག་སྡེ་བརྒྱད་པར་མདའ་ཤོག105ལྷག་ཡོད་པས་མདའ་ཤོག་བརྒྱའི་གཡུལ་འགྱེད་ཅེས་པའི་མཚན་སྙན་ཐོབ།

སུམ་ཅུ། ཝན་ནན་དུས་འགྱུར་ནི། 1941ལོའི་ཟླ1པའི་ཚེས4ཉིན། དམག་སྡེ་བཞི་པའི་དམག་ཤོག་དང་། དེའི་ཁོངས་གཏོགས་ཡན་ལག་རུ་ཁག་གི་དམག་མི9000ལྷག་ཡོན་ལིན་རི་བོ་ནས་བྱང་ཕྱོགས་སུ་བསྐྱོད་མགོ་བརྩམས།ཚེས6ཉིན། ཨན་ཧའེ་ཞིང་ཆེན་ཅིན་རྫོང་གི་མའོ་ལིན་ལ་འབྱོར་དུས། གོ་མིན་ཏང་དམག་དཔུང་གི་དམག་མི་ཁྲི8ལྷག་གིས་འཇབ་རྒོལ་ཐེབས་པས། དམག་སྡེ་བཞི་པས་ཉིན་མཚན་མེད་པར་ཉིན་ཞག་བདུན་ལྷག་གི་རིང་ལ་ཕྱིར་རྒོལ་བྱས་མོད། མདེལ་ཟད་རྒྱགས་རྫོགས་ཀྱི་དཀའ་ཁག་དང་འཕྲད་པས། དམག་མི2000ལྷག་གི་དགྲ་བོའི་དཔུང་གཏོར་ལམ་གཤག་སྒོས་འཇབ་རྒོལ་ལས་ཐར་མོད། དམག་མི་མང་ཆེ་ཤོས་རང་སྲོག་ཤོར་བའམ་འཛིན་བཟུང་ཐེབས།

སོ་གཅིག 1945ལོའི་ཟླ4པའི་ཚེས23ཉིན་ནས་ཟླ6པའི་ཚེས11ཉིན་བར། ཏང་གི་ཚོགས་ཆེན་བདུན་པ་ཡན་ཨན་ནས་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་སུ་མའོ་ཙེ་ཏུང་གི་དགོངས་པ་ཏང་གི་སློབ་སྟོན་བསམ་བློར་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་བཀོད།

སོ་གཉིས། ཏང་གི་ཚོགས་ཆེན་བདུན་པས་བཏོན་པའི་ཏང་གི་ལས་འགན་ནི། བློ་རྒྱ་ཆེར་སྐྱེད་སྒོས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་མི་དམངས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། མི་དམངས་ལ་མགོ་ཁྲིད་དེ་འཇར་པན་བཙན་འཛུལ་པ་ཕམ་པར་བྱེད་པ། རྒྱལ་ཡོངས་མི་དམངས་བཅིངས་འགྲོལ་གཏོང་བ་དང་། རང་བཙན་དང་རང་དབང་། དམངས་གཙོ་གཅིག་གྱུར། སྟོབས་འབྱོར་ལྡན་པ་བཅས་ཁྱད་ཆོས་ལྡན་པའི་ཀྲུང་གོ་གསར་པ་འཛུགས་རྒྱུ་དེ་ཡིན།

སོ་གསུམ། ཏང་གི་ཚོགས་ཆེན་བདུན་པས་བཏོན་པའི་ཏང་གི་སྤྱོད་ཚུལ་ཆེན་པོ་གསུམ་ནི། རིགས་གཞུང་དང་ལག་ལེན་ཟུང་དུ་འབྲེལ་བའི་སྤྱོད་ཚུལ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་ཟབ་མོ་འཛུགས་པའི་སྤྱོད་ཚུལ། རང་སྐྱོན་རང་བརྗོད་བྱེད་པའི་སྤྱོད་ཚུལ་བཅས་ཡིན།

སོ་བཞི། རྒྱལ་ཡོངས་ཀྱི་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ། ཏང་གིས་མགོ་ཁྲིད་པའི་གཞི་ཁྱོན་ཆེན་པོའི་སློབ་མའི་རྒྱལ་གཅེས་དམངས་གཙོ་ལས་འགུལ་དང་པོ་ནི་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ལས་འགུལ་ཡིན།

སོ་ལྔ། བཅིངས་འགྲོལ་དམག་འཁྲུག་སྐབས་ཀྱི་གཡུལ་འགྱེད་ཆེན་པོ་གསུམ་ནི། ལིའོ་ཧྲེན་གཡུལ་འགྱེད་དང་ཧོའེ་ཧའེ་གཡུལ་འགྱེད། ཕིན་ཅིན་གཡུལ་འགྱེད་བཅས་ཡིན།

སོ་དྲུག རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་གི་གཡུལ་འགྱེད་ཆེན་པོ་གསུམ་ལས། དུས་ཡུན་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས། དགྲ་བོ་མེད་པར་བཏང་བའི་གྲངས་ཚད་ཆེས་མང་བའི་གཡུལ་འགྱེད་ནི་ཧོའེ་ཧའེ་གཡུལ་འགྱེད་ཡིན།

སོ་བདུན། ཕྱོགས་ཡོངས་ནས་འཇར་འགོག་དམག་འཁྲུག་དུས་རིམ་གསུམ་དུ་དབྱེ་ཡོད་དེ། དང་པོ་ནི་འཐབ་ཇུས་འགོག་སྲུང་གི་དུས་རིམ་ཡིན་ཏེ། 1937ལོའི་ཟླ7པའི་ལུའུ་ཀོའུ་ཟམ་པའི་དུས་འགྱུར་ནས1938ལོའི་ཟླ10པར་ཀོང་ཀྲོའུ་དང་ཝུའུ་ཧན་ཤོར་བའི་བར་ཡིན། གཉིས་པ་ནི་འཐབ་ཇུས་ཕན་ཚུན་སྲ་འཛིན་གྱི་དུས་རིམ་ཡིན་ཏེ། 1938ལོའི་ཟླ10པ་ནས1943ལོའི་ཟླ12པའི་བར་ཡིན། གསུམ་པ་ནི་འཐབ་ཇུས་ཕར་རྒོལ་གྱི་དུས་རིམ་ཡིན་ཏེ།1944ལོའི་ཟླ་དང་པོར་བཅིངས་འགྲོལ་ས་ཁུལ་ཁ་ཤས་ཀྱིས་ཕར་རྒོལ་བྱས་པ་ནས།1945ལོའི་ཟླ8པར་འཇར་པན་གྱིས་ཆ་རྐྱེན་མེད་པར་མགོ་བཏགས་པ་ཁྱབ་བསྒྲགས་བྱས་པའི་བར་ཡིན།

སོ་བརྒྱད། 1949ལོའི་ཟླ3པར། ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཧོ་པེ་ཡི་ཞི་པའེ་ཕའོ་ནས་འཚོགས། གྲོས་ཚོགས་ཀྱིས་ཏང་གི་ལས་དོན་གྱི་ལྟེ་གནས་དེ་འཐབ་ཇུས་ཀྱི་ཕྱོགས་སུ་སྤོ་སྐྱོད་དང་། གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོ་བའི་གནད་དོན་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་བྱས།

སོ་དགུ། བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་ཀྱི་ལས་དོན་གཙོ་བོ་ནི་བཟོ་ལས་ཅན་མངོན་འགྱུར་བྱ་རྒྱུ་དེ་ཡིན།

བཞི་བཅུ། 1954ལོའི་ཟླ9པར། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་དུ་བསྡུས། གྲོས་ཚོགས་འཚོགས་པར་བརྟེན་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་ཀྲུང་གོ་གསར་པའི་རྩ་བའི་ཆབ་སྲིད་ལམ་ལུགས་སུ་གཏན་འཁེལ་དང་དངོས་སུ་བཙུགས་པ་མཚོན།

ཞེ་གཅིག 1956ལོའི་ཟླ9པར་འཚོགས་པའི་ཏང་གི་ཚོགས་ཆེན་བརྒྱད་པའི་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་སྤྱི་ཚོགས་ལམ་ལུགས་བཙུགས་རྗེས་ཀྱི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་། རྒྱལ་ནང་གི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དབྱེ་ཞིབ་ཡང་དག་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་དེ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་རྗེས། ཏང་དང་རྒྱལ་ཁབ་ལ་འཕྲད་པའི་ལས་འགན་ཆེས་གལ་ཆེ་ཤོས་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན།

ཞེ་གཉིས། 1958ལོའི་ཟླ5པར། ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་ཚོགས་ཐེངས་གཉིས་པས་དངོས་སུ“ངར་ཤུགས་གཅིག་སྒྲིམ་དང་ཡང་རྩེ་ལྷུར་ལེན། མང་མྱུར་ལེགས་བསྲིའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི”སྤྱིའི་ལམ་ཕྱོགས་བཏོན། གྲོས་ཚོགས་ཀྱི་རྗེས་སུ། ཕྱོགས་རེ་བའི་སྒོ་ནས་བཟོ་ཞིང་ལས་ཐོན་སྐྱེད་དང་འཛུགས་སྐྲུན་གྱི་ཚད་མཐོའི་མྱུར་ཚད་བརྩོན་ལེན་བྱས་ཏེ། འཆར་གཞིའི་དམིགས་ཚད་མཐོར་འདེགས་དང་བཟོ་བཅོས་བྱེད་པ་མཚོན་རྟགས་ཡིན་པའི“མཆོང་སྐྱོད་ཆེན་པོའི”ལས་འགུལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཡོངས་སུ་རྒྱ་ཁྱབ་ཏུ་སྤེལ།

ཞེ་གསུམ། ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་རྒྱལ་དམངས་དཔལ་འབྱོར་ཕྱོགས་ནས“ལེགས་སྒྲིག སྲ་བརྟན། འཐུས་ཚང་། མཐོར་འདེགས”བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་དངོས་སུ་གཏན་འབེབས་བྱས།

ཞེ་བཞི། “ངེས་པར་གཉིས”ནི། ངེས་པར་ཁེངས་སྐྱུང་དང་གཟབ་ནན། ང་རྒྱལ་མི་སྐྱེས་པ་དང་འཚབ་འཚུབ་མི་བྱེད་པའི་སྤྱོད་ཚུལ་མུ་མཐུད་དུ་རྒྱུན་འཛིན་བྱེད་པ་དང་། ངེས་པར་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་མུ་མཐུད་དུ་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན།

ཞེ་ལྔ། “ངོ་རྒོལ་གསུམ”གྱི་ལས་འགུལ་ནི། ལྐོག་ཟ་ལ་ངོ་རྒོལ་དང་ཆུད་ཟོས་ལ་ངོ་རྒོལ། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ་བཅས་ཡིན།

ཞེ་དྲུག “ངོ་རྒོལ་ལྔ”ཡི་ལས་འགུལ་ནི། ལྐོག་རྔན་སྤྲོད་པར་ངོ་རྒོལ་དང་ཁྲལ་སྐུང་ཁྲལ་ཆད་ལ་ངོ་རྒོལ།རྒྱལ་ཁབ་ཀྱི་རྒྱུ་ནོར་རྐུ་རྒྱག་གཡོ་ལེན་ལ་ངོ་རྒོལ། རྒྱུ་འཕྲི་སླ་བཅོས་ལ་ངོ་རྒོལ། རྒྱལ་ཁབ་ཀྱི་དཔལ་འབྱོར་གསང་འཕྲིན་རྐུ་བར་ངོ་རྒོལ་བྱེད་པ་བཅས་ཡིན།

ཞེ་བདུན། དུས་རབས20པའི་ལོ་རབས60པར“ཏང་གི་ལས་བྱེད་པ་བཟང་པོའི”མཚན་སྙན་ཐོབ་མཁན་ནི་ཅའོ་ཡུས་ལུའུ་ཡིན།

ཞེ་བརྒྱད། རྒྱལ་ཡོངས་ནས“བློ་མཐུན་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི”ཚ་རླབས་དེ1963ལོར་འཕྱུར་མགོ་བརྩམས།

ཞེ་དགུ། 1964ལོའི་ཟླ10པའི་ཚེས16ཉིན། ཀྲུང་གོའི་ནུབ་རྒྱུད་ཀྱི་ལུའོ་པུའུ་ཕའོ་ཚོད་ལྟའི་རྟེན་གཞི་ནས་རྡུལ་ཕྲན་འབར་མདེལ་དང་པོ་བདེ་བླག་ངང་འབར་གས་བྱུང་། དེས་ནུས་ཤུགས་ཆེན་པོས་སྟོབས་ལྡན་རྒྱལ་ཁབ་ཀྱི་ཉིང་རྡུལ་སྒེར་སྡོམ་དང་ཉིང་རྡུལ་སྙད་འཚོལ་འཇིགས་སྐུལ་རྦད་དེ་གཏོར་བས་རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་ཕྱིན།

ལྔ་བཅུ། 1964ལོའི་ཟླ12པ་ནས1965ལོའི་ཟླ་དང་པོའི་བར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས། ཐེངས་འདིའི་གྲོས་ཚོགས་ཐོག་དེང་རབས་ཅན་བཞི་མངོན་འགྱུར་བྱེད་པའི་ལས་འགན་བཏོན།

ང་གཅིག 1967ལོའི་ཟླ2པར། ཐན་ཀྲེན་ལིན་དང་ཁྲེན་དབྱི། ཡེ་ཅན་ཡིང་སོགས་བློ་མཐུན་རྒན་པས་རིག་གནས་གསར་བརྗེ་ཆེན་པོའི་ནོར་འཁྲུལ་ལ་སྐྱོན་བརྗོད་དྲག་པོ་བྱས་མོད། ཅང་ཆིང་དང་ཁང་ཧྲིན་སོགས་ཀྱིས“ཟླ་གཉིས་པའི་རླབས་ལྡོག”ཡིན་ཞེས་མ་ཉེས་ཁག་འགེལ་བྱས།

ང་གཉིས། 1977ལོར་མཐོ་རྒྱུགས་ལམ་ལུགས་སླར་གསོ་བྱས་ཤིང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭས་ཡང་བསྐྱར་གཅིག་གྱུར་རྒྱུགས་སྤྲོད་ལ་བརྟེན་ནས་སློབ་མ་གསར་པ་བསྡུ་ལེན་བྱས།

ང་གསུམ། 1978ལོའི་ཟླ5པའི་ཚེས11ཉིན། 《འོད་ཟེར་ཉིན་རེའི་ཚགས་པར》སྟེང་ཁ་བྱང་ལ《ལག་ལེན་ནི་བདེན་དོན་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན》ཞེས་པའི་ཆེད་ཞུ་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ། དེར་བརྟེན་ནས་བདེན་དོན་གྱི་ཚད་གཞིར་འབྲེལ་བའི་གནད་དོན་སྐོར་གྱི་གྲོས་བསྡུར་ཆེན་པོ་ཞིག་རྒྱལ་ཡོངས་ནས་སྤེལ།

ང་བཞི། 1978ལོའི་ཟླ12པའི་ཚེས13ཉིན། ཏེང་ཞའོ་ཕིང་གིས་ཀྲུང་དབྱང་གི་བྱ་བའི་གྲོས་ཚོགས་ཐོག《བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ཕྱོགས་སུ་ལྟ་བ》ཞེས་པའི་གསུང་བཤད་སྤེལ། གསུང་བཤད་དེར་ཚོགས་ཞུགས་མི་སྣའི་སྤྲོ་སེམས་འཁོལ་བའི་བརྩི་བཀུར་ཐོབ་པ་དང་། དོན་དངོས་སུ་གསུང་བཤད་དེ་དེའི་རྗེས་སུ་འཚོགས་པའི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཙོ་དོན་སྙན་ཞུར་གྱུར།

ང་ལྔ། 1978ལོའི་ཟླ12པར་འཚོགས་པའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་འཕོ་འགྱུར་རླབས་ཆེན་ཞིག་ཡིན་ལ། ཐེངས་དེའི་གྲོས་ཚོགས་ཐོག་ཏང་ཡོངས་ཀྱི་ལས་ཀའི་གཙོ་གནད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་བསྒྱུར་བར་གཏན་ལ་ཕབ་པས། རང་རྒྱལ་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་པར་སླེབས་པ་མཚོན།

ང་དྲུག ཏེང་ཞའོ་ཕིང་གིས་བཏོན་པའི་རྩ་བའི་རྩ་དོན་བཞི་ནི། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཏེ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས། གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།

ང་བདུན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ》ལ་གྲོས་འཆམ་བྱུང་།

ང་བརྒྱད། 1981ལོའི་ཟླ6པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་གནད་དོན་འགའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བས། རྒྱལ་ཁའི་ངང་ཏང་གི་སློབ་སྟོན་བསམ་བློ་ཕྱོགས་ཀྱི་ཟིང་བཅོས་ཡོ་བསྲང་བྱས་པ་མཚོན།

ང་དགུ། 1982ལོའི་ཟླ9པར། ཏེང་ཞའོ་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པ་མགོ་ཚུགས་པའི་གསུང་བཤད་དུ“མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་དང་རང་རྒྱལ་གྱི་དངོས་ཡོད་ལས་དོན་ཟུང་འབྲེལ་བྱས་ཏེ། རང་གི་བགྲོད་ལམ་དུ་བསྐྱོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ”གསལ་པོར་བསྟན།

དྲུག་ཅུ། 1984ལོའི་ཟླ10པའི་ཚེས20ཉིན། ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་། དེར་བརྟེན་ནས་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་གཙོ་གནད་དེ་ཞིང་སྡེ་ནས་གྲོང་ཁྱེར་དུ་བསྒྱུར་པ་མཚོན།

རེ་གཅིག 1987ལོར་འཚོགས་པའི་ཏང་གི་ཚོགས་ཆེན་སྐབས་བཅུ་གསུམ་པའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་བཏོན་པར་མ་ཟད་མ་ལག་ལྡན་པའི་སྒོ་ནས་རྒྱས་འགྲེལ་བྱས།

རེ་གཉིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ང་ཚོའི་ཏང་གི་བྱ་སྤྱོད་མཛུབ་སྟོན་དུ་གཏན་འཁེལ་མཛད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ལོ་རྒྱུས་མཛད་རྗེས་གལ་ཆེན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དུས་རབས་གསར་པའི་ནང་ཅི་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། ཇི་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དར་འཕེལ་གཏོང་བའི་གནད་དོན་འགངས་ཆེན་ལ་དྲིས་ལན་བཏབ།

རེ་གསུམ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཏང་གི་སྒྲིག་ཡིག་ནང་ངེས་པར་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་ཁ་སྣོན་མཛད་ཡོད།

རེ་བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཁྲོད་ཀྱི“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་བྱེད་སྟངས་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་བཅས་ཡིན།

རེ་ལྔ། ཏང་གི་ལས་བྱེད་མི་སྣ་ནི་ཏང་གི་ལས་དོན་གྱི་རྐང་འཛིན་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས། བློ་དཀར་ཞིང་ཟོལ་མེད་འགན་འཁྲི་ཡོད་པ་ཅན་ཡིན་དགོས།

རེ་དྲུག ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར། ངེས་པར་ཏང་གི་གཞི་རྩའི་ལམ་ཕྱོགས་ལ་དམ་པོར་དམིགས་ཏེ། ཏང་གིས་ཏང་དོ་དམ་བྱེད་པ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུན་འཁྱོངས་བྱེད་དགོས།

རེ་བདུན། ཏང་གི་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་སྒྲིག་ཁྲིམས་ཡོད་ཚད་ངེས་པར་བརྩི་སྲུང་དང་ལག་བསྟར་བྱེད་དགོས་ཤིང་། ཆེས་གལ་ཆེ་ཞིང་སྲོག་ཤིང་ལྟ་བུ་ནི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་དགོས།

རེ་བརྒྱད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བརྗོད་བྱ་གཙོ་བོ་ནི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་དེ་ཡིན།

རེ་དགུ། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དཔྱད་བསྡུར་འདེམས་བསྐོ་དེ་ལོ3རེའི་ནང་ཐེངས་རེར་སྤེལ་བ་ཡིན།

བདུན་ཅུ། དམངས་གཙོ་འོས་སྦྱོར་དང་དམངས་གཙོ་ཚད་ལེན། རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་པ་དང་ཏང་ནང་ཁུལ་ནས་འདེམས་བསྐོ་བྱེད་པ་སོགས་ཀྱི་སྐབས་སུ། འདེམས་ཤོག་འཐེན་འཕེན་དང་འདེམས་རོགས་བྱེད་པ་བཅས་རྩ་འཛུགས་ཀྱི་བྱེད་སྒོ་དང་འགལ་བའི་བྱ་སྤྱོད་ལ་དྲན་སྐུལ་ཐ་ཚིག་གམ་ཐ་ཚིག་ནན་མོ་སྒྲོག་དགོས།

དོན་གཅིག ཡང་དག་པའི་སྒོ་ནས་འཇོན་མི་འདེམས་སྒྲིག་དང་བཀོལ་སྤྱོད་རྒྱུན་འཁྱོངས་བྱེད་པ་ནི།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་སྒོས་སྒྲུབ་པའི་རྩ་འཛུགས་ཕྱོགས་ཀྱི་ཁག་ཐེག་ཡིན།

དོན་གཉིས། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ནི་ཏང་ཡོན་ཚོགས་ཆེན་ནམ་ཏང་ཡོན་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོར་བརྟེན་ནས་གྲུབ་པ་ཡིན་ལ། སྐབས་རེའི་འགན་འཛིན་དུས་ཡུན་ནི་སྤྱིར་བཏང་དུ་ལོ3ནས5བར་ཡིན།

དོན་གསུམ། ཏང་ཡོན་གྱི་སློབ་གསོའི་བྱ་བའི་ཁྲོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲོག་ཤིང་ཡིན་པའི་བརྗོད་བྱའི་སྙིང་བོ་དང་གཞི་རྩའི་དགོངས་དོན། ལག་ལེན་བླང་བྱ་བཅས་ལ་སློབ་སྦྱོང་མཐིལ་ཕྱིན་དང་གོ་བ་གཏིང་ཟབ་བླངས་ཏེ། ཆབ་སྲིད་རང་རྟོགས་དང་གཞུང་ལུགས་རང་རྟོན། བརྩེ་སེམས་འདོན་པ་བཅས་ལ་ཤུགས་སྣོན་དགོས།

དོན་བཞི། སྤྱི་ཚོགས་ལ་དགའ་བའི་གོམས་སྲོལ་ལ་སྣེ་ཁྲིད་པ་དང་། དང་བླངས་པའི་སྙིང་སྟོབས་དར་སྤེལ་བྱེད་པ་ནི། གསོལ་འབུལ་དང་མཛའ་བརྩེ། རོགས་རེས་དང་ཡར་ཐོན་བཅས་དར་སྤེལ་བྱེད་པའི་ཆེད་དུ་ཡིན།

དོན་ལྔ། སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ངོ་ཚའི་ལྟ་བའི་ཚད་གཞི་ནི“གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”ཡིན།

དོན་དྲུག གལ་ཏེ་ལོག་ཆོས་དྲིལ་སྒྲོག་གི་ཡིག་རིགས་འགྲེམ་སྤེལ་བྱེད་པ་མཐོང་ན། ཡང་དག་པའི་བྱེད་སྟངས་ནི་འཕྲལ་མར་བཀག་འགོག་བྱེད་པ་དང་། དེ་མ་ཐག་ཉེན་རྟོག་པར་ཡར་ཞུ་བྱེད་རྒྱུ་དེ་ཡིན།

དོན་བདུན། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག》ནང་འགན་འདྲི་བྱ་ཡུལ་གྱི་ཏང་གི་མགོ་ཁྲིད་ལས་བྱེད་པས་འགན་འདྲི་གཏན་འབེབས་ལས་ཁུངས་ལ་ཡིག་ངོས་ནས་སྐྱོན་བརྗོད་ཡི་གེ་འབྲི་དགོས་པར་མ་ཟད། དམངས་གཙོ་འཚོ་བའི་ཚོགས་འདུའམ་ཡང་ན་ཏང་གི་ཚོགས་འདུ་གཞན་དག་ཐོག་རང་སྐྱོན་ངོས་ལེན་གཏིང་ཟབ་བྱེད་དགོས་པ་གཏན་འབེབས་བྱས་ཡོད།

དོན་བརྒྱད། ཏང་གི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་དེ་གཙོ་བོ་ཁྱོན་ཡོངས་ཀྱི་གནས་ཚུལ་སྤྱི་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པ་ལས་མཚོན་ཡོད།

དོན་དགུ། ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་སྒོས་མགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་ཟུང་ནང་མོལ། གྲོས་ཚོགས་ཐོག་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་ལས་དོན་གལ་ཆེན་ཐག་གཅོད་བྱེད་དགོས།

བརྒྱད་ཅུ། ཏང་གི་བསམ་བློའི་ལམ་ཕྱོགས་ནི་བྱ་བ་ཡོད་ཚད་དོན་དངོས་གཞིར་འཛིན་དང་རིགས་པའི་གཞུང་ལུགས་དང་དངོས་དོན་ཟུང་འབྲེལ། དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ། ལག་ལེན་ཁྲོད་བདེན་དོན་ཞིབ་བཤེར་དང་བདེན་དོན་འཕེལ་རྒྱས་སུ་གཏོང་བ་དེ་ཡིན།

གྱ་གཅིག 《ཏང་གི་སྒྲིག་ཡིག》ནང་གཏན་འབེབས་བྱས་དོན། ཏང་ཡོན་སྡུད་ལེན་བྱེད་སྐབས་ངེས་པར་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་དགོས་པ་དང་། ངེས་པར་ཏང་ཀྲི་པུའུ་བརྒྱུད་ནས་མི་སྒེར་ངོས་ནས་སྡུད་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

གྱ་གཉིས། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་ཀྱི་ནང་དོན་ནི་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་དང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་ལྷན་ཁང་། ཏང་ཚན་ཆུང་གི་ཚོགས་འདུ། ཏང་གི་སློབ་ཁྲིད་བཅས་ཡིན།

གྱ་གསུམ། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི》ཡི་དོན་ཚན་བཞི་པར། དཀའ་བ་སྔོན་ལ་སྤྱོད་པ་དང་། ལོངས་སྤྱོད་རྗེས་སུ་བྱེད་པ། བྱས་རྗེས་འཇོག་པར་མོས་འདུན་ཡོད་པའི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དེས་སྤྱོད་གཙང་གི་ཚད་གཞི་མཐོ་ཤོས་དེ་མངོན་ཡོད།

གྱ་བཞི། ཏང་གི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་ནི་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་བྱས་ནས། རང་རེའི་རྒྱལ་ཁབ་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱ་རྒྱུ་དེ་རེད།

གྱ་ལྔ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་མགོ་ཁྲིད་དེ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པའི་གསར་བརྗེའི་འཐབ་རྩོད་ཡུན་རིང་བྱས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་རེད།

གྱ་དྲུག སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་གྲོན་ཆུང་དང་སྲུང་སྐྱོབ་དམིགས་བསལ་སྒོས་སྔོན་དུ་སྒྲུབ་པ་དང་། རང་བྱུང་སླར་གསོ་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།

གྱ་བདུན། དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་སྟེ། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་འབྱེད་ནན་མོ་དང་ཐག་གཅོད་ཡང་དག་བྱེད་དགོས།

གྱ་བརྒྱད། གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བར། ངེས་པར་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་ས་བྱས་ནས་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས།

གྱ་དགུ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་བྱ་བའི་སྲོལ་ཡིག》ནང་། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁྲི་ཏན་ཏིག་གིས་བསྒྲུབས་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་སྟེང་བཞག་ནས་དམ་འཛིན་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྔོན་མ་དང་མིག་དཔེ་བསྟན་ནས་སྒྲུབ་པའི་བྱ་བའི་བྱེད་ཕྱོགས་ལ་སྐུལ་འདེད་གཏོང་དགོས།

དགུ་བཅུ། 《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར》ནང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་ལ་མིག་དཔེ་ལྟ་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་མིག་ལྟ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟ་བཅས་བྱས་ཏེ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། རྩ་འཛུགས། འགུལ་སྐྱོད་བཅས་ཀྱི་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།

གོ་གཅིག ཏང་ནང་དུ་བསྐྱུར་ནས་ལྟ་ཞིབ་བྱེད་སྐབས། ཆད་པ་ཕོག་པའི་ཏང་ཡོན་ལ་བརྡས་ཐག་གཅོད་པའི་དབང་ཆ་དང་འདེམ་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད།

གོ་གཉིས། 《ཀྲུང་གོའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་ལས་རིགས་ཀུན་སྤྱོད་ཚད་གཞི》ལྟར་ན། གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཡང་དག་པའི་གླེང་ཕྱོགས་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཚན་རིག་གི་རིགས་པའི་གཞུང་ལུགས་དྲིལ་སྒྲོག་དང་། སྔོན་ཐོན་རིག་གནས་སྒྲོག་སྤེལ། ཞི་འཇམ་སེམས་ཁམས་གསོ་སྐྱོང་། སྤྱི་ཚོགས་སྲོལ་བཟང་དར་སྤེལ་བཅས་བྱས་ནས། སྤྱི་ཚོགས་འགན་འཁྲིའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། ཀུན་སྤྱོད་མི་ཆོས་ཀྱི་མ་མཐའི་ཐིག་རྩ་ནན་སྲུང་དང་མ་རབས་ངན་དགུ་དང་ཐ་ཤལ། ངོ་བསྟོད་རྫུན་མ་བཅས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

གོ་གསུམ། 2016ལོའི་ཟླ4པར། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དང་པོ་བསླེབ་ལ་ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་འཛུགས་པའི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བར་མཛུབ་ཁྲིད་བྱས་ཏེ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས་པ་ནན་གྱིས་གསུངས།

གོ་བཞི། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ནང་དོན་གཙོ་བོ་ནི། གཅིག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་བཅོས་བྱེད་པ། གཉིས་ནས་གྲོས་ཚོགས་ཀྱི་བྱེད་སྒོ་གནད་བསྡུས་བྱས་ཏེ་དོན་དངོས་ཐོག་གྲོས་ཚོགས་ཀྱི་གོམས་སྲོལ་ཇེ་ལེགས་སུ་གཏོང་བ། གསུམ་ནས་ཡིག་ཆ་དང་གསར་འགྱུར་གནད་བསྡུས་བྱས་ཏེ་རྩོམ་གཤིས་ཇེ་ལེགས་སུ་གཏོང་བ། བཞི་ནས་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ལྔ་ནས་བདེ་སྲུང་བྱ་བ་ལེགས་བཅོས་བྱེད་པ། དྲུག་ནས་གསར་འགྱུར་སྒྲོག་སྤེལ་ལེགས་བཅོས་བྱེད་པ། བདུན་ནས་རྩོམ་ཡིག་གཟབ་ནན་གྱིས་འགྲེམས་སྤེལ་བྱེད་པ། བརྒྱད་ནས་ཧུར་བརྩོན་སྒོས་གྲོན་ཆུང་ལག་ལེན་ནན་མོ་བྱེད་པ་བཅས་ཡིན།

གོ་ལྔ། “ནན་གསུམ་རྣལ་གསུམ”གྱི་ཞིབ་ཕྲའི་ནང་དོན་ནི། བློ་སྦྱོང་ནན་མོ་བྱེད་པ་དབང་ཆ་ནན་མོས་སྤྱོད་པ། རང་གཅུན་ནན་མོ་བྱེད་པ། དོན་རྣལ་མ་སྒྲུབ་པ། ལས་རྣལ་མ་སྐྲུན་པ། མི་རྣལ་མ་བྱེད་པ་བཅས་ཡིན།

གོ་དྲུག ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་དུ་གཉེར་པ་དེ་ཡིན།

གོ་བདུན། “ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་སྐབས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་སུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཡིན།

གོ་བརྒྱད། 《ཏང་ཨུ(ཏང་ཙུའུ)ཡིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བ》ཞེས་པ་ལྟར་ན། ས་གནས་ཏང་ཨུས་ཏང་ལེགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཉིས་མཉམ་དུ་ཇུས་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་དཔྱད་ཞིབ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ས་གནས་དེའི་ཏང་ནན་གྱིས་སྐྱོང་བའི་ལས་དོན་ཁག་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས།

གོ་དགུ། 2020ལོའི་ཟླ2པའི་ཚེས3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱལ་ཡོངས་མི་དམངས་བསམ་ཇུས་གཅིག་ལྟར་སྟོབས་ཤུགས་གཅིག་སྒྲིལ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་ལྟར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་མཐའ་གཅིག་ཏུ་བརྩི་སྲུང་བྱས་ནས་ཅི་གསུངས་ལེགས་སྒྲུབ་བྱེད་དགོས།

བརྒྱ་ཐམ་པ། 2020ལོའི་ཟླ1པོའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་སྟེང་། སྟོབས་ལྡན་སྲིད་ཏང་ནི་རང་ངོས་ཀྱི་གསར་བརྗེའི་ཁྲོད་བསྐྲུན་པ་ཡིན་ཞེས་ནན་གྱིས་བསྟན་པ་ལྟར། ཏང་གི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་ནས། རང་རེའི་ཏང་གིས་ནམ་ཡིན་ཡང་སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་ཕོད་པ་དང་། ཐོག་མཐའ་བར་གསུམ་དུ་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཕོད་པ་དང་། སྐྱོན་ཆ་སེལ་ཕོད་པ། གཏིང་དུག་གཏར་གྱིས་འབྱིན་པ་དང་རུལ་བ་གཙང་སེལ་བྱེད་ཕོད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།