ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུས་དམག་ཡོངས་ཀྱི་འཐབ་ཇུས་འཆར་འགོད་བྱ་བའི་སྔོན་ཐོག་སྡེ་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུས《དམག་ཡོངས་ཀྱི་འཐབ་ཇུས་འཆར་འགོད་བྱ་བའི་སྔོན་ཐོག་སྡེ་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་བརྡ་ཁྱབ》འགྲེམ་སྤེལ་བྱས་ཏེ། དམག་ཡོངས་ཀྱི་འཐབ་ཇུས་འཆར་འགོད་བྱ་བའི་སྔོན་ཐོག་སྡེ་ཁག18དང་དམག་ཡོངས་ཀྱི་འཐབ་ཇུས་འཆར་འགོད་བྱ་བའི་སྔོན་ཐོན་མི་སྒེར18ལ་གཟེངས་བསྟོད་བྱས།

བརྡ་ཁྱབ་ནང་བསྟན་དོན།  དམག་ཡོངས་ཀྱི་རིམ་པ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་སྟོན་དུ་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུའི་འཐུབ་ཇུས་བཀོད་སྒྲིག་དོན་འཁྱོལ་གང་ལེགས་བྱས་ཏེ། སྟོབས་ཆེན་དགྲ་བོར་དམིགས་པ་དང་དངོས་འཐབ་ལ་དམིགས་ཏེ། མ་ལག་གི་ཇུས་འགོད་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་ཨང་དང་པོར་འཇོག་པ་དང་། ཕན་འབྲས་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འགག་སྒྲོལ་དཀའ་སེལ་དང་བློ་རྩ་བརྟན་པོས་བཅོས་བསྒྱུར་གསར་གཏོད་ལ་ནུས་ཤུགས་བཏོན་ཏེ། ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཇབ་ཇུས་ཇུས་འགོད་ལ་སྐུལ་འདེད་གཏོང་རྒྱུ་དང་། ནུས་ཤུགས་ཡོད་རྒུས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་འཐབ་ཇུས་དོ་དམ་བཅོས་བསྒྱུར་དང་། འཆར་འགོད་འདུ་ཤེས་ཀྱི་གསར་སྒྱུར་ཇེ་མགྱོགས་དུ་གཏོང་བ།  འཆར་འགོད་རྣམ་པའི་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ། འཆར་འགོད་ནུས་ཤུགས་ཀྱི་མཐོར་འདེགས་ཇེ་མགྱོགས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བས། འཐབ་ཇུས་འཆར་འགོད་བྱ་བའི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་སྐོར་ཞིག་གསར་དུ་བྱུང་ཡོད།

བརྡ་ཁྱབ་ལས་དམག་ཡོངས་ཀྱི་རིམ་པ་སོ་སོས་གཟེངས་བསྟོད་བྱས་པའི་སྡེ་ཁག་དང་མི་སྒེར་ལ་མིག་དཔེ་རུ་བརྩིས་ནས། ཞི་ཅིན་ཕིང་གི་དམུག་དཔུང་སྟོབས་ཆེན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་བསྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན་དུ་གཏོང་བ། འཇོན་མི་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ། འཐབ་ཇུས་ཇུས་འགོད་དང་འཐབ་ཇུས་ལག་བསྟར། འཐབ་ཇུས་དཔྱད་འཇོག་གསར་སྐྲུན་བྱས་ཏེ། མུ་མཐུད་དུ་འཐབ་ཇུས་ཇུས་འགོད་དང་སྤྱི་ཁོག་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས། དམག་དཔུང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བྱས་པ་བརྒྱུད། ཏང་གིས་དུས་རབས་གསར་བར་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་རྩེར་དོན་དམག་དཔུང་དུ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།